འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་འདི་ལོའི་དུས་ཚིགས་བཞི་པའི་གོ་ལ་ཧྲིལ་པོའི་ཚོང་དོན་
    འོས་འཚམས་འཕར་རྒྱུའི་སྔོན་དཔག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཚོང་དོན་དར་རྒྱས་ཀྱི་སྟོན་གྲངས་སྙན་ཞུ་གསར་ཤོས་ཡོངས་བསྒྲགས་བྱས་ནས་འདི་ལོའི་དུས་ཚིགས་བཞི་པའི་གོ་ལ་ཧྲིལ་པོའི་ཚོང་ཟོག་ཚོང་དོན་སྔར་བཞིན་འོས་འཚམས་འཕར་བ་རྒྱུན་འཁྱོངས་ཐུབ་རྒྱུའི་སྔོན་དཔག་བྱས་པ་རེད།
         སྙན་ཞུ་ལས་མངོན་པར། འདི་ལོའི་དུས་ཚིགས་བཞི་པའི་གོ་ལ་ཧྲིལ་པོའི་ཚོང་དོན་དར་རྒྱས་སྟོན་གྲངས་102.2ཡིན་པ་དེ་དུས་ཚིགས་གསུམ་པའི་102.6ལས་དམའ་ཙམ་ཡོད་མོད། འོན་ཀྱང་དར་རྒུད་སྟོན་གྲངས་ལས་སྔར་བཞིན་གྲངས་ཚད་100ཡིས་མཐོ་བ་ཡོད་པ་ལས་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་ཚད་དེ་སྔ་ལས་ཅུང་འགོར་བ་ཡོད་མོད། འོན་ཀྱང་ཚོང་དོན་སྤྱི་འབོར་མུ་མཐུད་འཕར་བ་རྒྱུན་འཁྱོངས་ཐུབ་པ་མངོན་ཡོད།
         ཞིབ་ཕྲས་བལྟས་ན། དར་རྒྱས་སྟོན་གྲངས་ནང་ཕྱིར་ཚོང་མངགས་ཉོའི་སྟོན་གྲངས་ཆག་ཡོད་ནའང་འཕེལ་ཕྱོགས་ཆུ་ཚད་མཐོ་རུ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད། མཁའ་འགྲུལ་དངོས་ཟོག་དབོར་འདྲེན་དང་དོས་སྒམ་འདོན་འཇུག་བྱེད་ཚད་ཀྱི་སྟོན་གྲངས་ཀྱང་འཕེལ་ཕྱོགས་ཀྱི་ཆུ་ཚད་ཡན་དུ་རྒྱུན་འཁྱོངས་ཐུབ་ཡོད། འོན་ཀྱང་འཕར་བའི་སྒུལ་ནུས་འདང་གི་མེད་པ་དང་མ་འོངས་པར་འཕར་ཚད་འགོར་པོ་ཡོང་སྲིད་པ་ཞིག་རེད། དེ་དང་ཆབས་ཅིག་གློག་རྡུལ་འཕྲུལ་ཆས་དང་ལྷུ་ལག་དང་ཞིང་ལས་མ་བཅོས་རྒྱུ་ཆ་དང་འབྲེལ་བ་ཡོད་པའི་གོ་ལ་ཧྲིལ་པོའི་ཚོང་དོན་སྟོན་གྲངས་རིམ་བཞིན་མཐོ་རུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།