འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་ཡིན་པའི་བོད་ལྗོངས་ཀྱི་ཡུལ་སྨད་ཤང་དུ་ཀྲའོ་བརྒྱའི་དྲ་
    ཆེན་འཁྲིད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་སྟེ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་ཀྲའོ་བརྒྱའི་དྲ་ཆེན་འཁྲིད་པས་གཞི་རྩའི་འཕྲིན་གཏོང་སྒྲིག་ཆས་མངོན་གསལ་དོད་པོས་རིམ་སྤོར་བྱུང་བ་རེད།
         ཡུལ་སྨད་ཤང་ལ་དུད་ཚང་9དང་མི་གྲངས་32ལས་མེད་པས་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་དེ་ཡིན། ཚེས་16ཉིན་བར། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་དུད་ཚང་9ཡི་མང་ཚོགས་ལ་ཀྲའོ་བརྒྱའི་དྲ་ཆེན་འཁྲིད་པ་དང་འབྲེལ་དྲ་སྦྲེལ་བརྙན་འཕྲིན་སོགས་ཀྱི་ལེ་ལག་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད། ཡུལ་སྨད་ཤང་གི་མང་ཚོགས་ཚོས་ཉུང་མཐར་ཡང་ལོ་གཉིས་ཀྱི་རིན་མེད་ཞབས་ཞུ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
         ཀྲུང་གོ་སྒུལ་བདེའི་དྲ་སྦྲེལ་བརྙན་འཕྲིན་གྱི་འཕྲིན་ལམ་སྒྱུར་སྒམ་ནས་འཕྲིན་ལམ་50ལྷག་ཙམ་དང་ད་དུང་གློག་བརྙན་དང་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་5000ལྷག་ཙམ་བལྟ་ཐུབ་པ་དེར་ས་གནས་དེ་གའི་མང་ཚོགས་ཚོས་དགའ་པོ་བྱེད་པའི་བོད་སྐད་འཕྲིན་ལམ་མང་པོ་ཚུད་ཡོད། མང་ཚོགས་ཀྱིས་སྤྱོད་ཤེས་པ་བྱ་ཆེད། དྲ་སྦྲེལ་བརྙན་འཕྲིན་སྤོར་མ་ཐག་བོད་ཡིག་དང་རྒྱ་ཡིག་སོགས་ཡིག་རིགས་སྣ་ཚོགས་ཀྱི་འདེམས་བྱང་ཐོན་གྱི་ཡོད། མང་ཚོགས་ཀྱིས་གསར་འགོད་པར་གསར་དུ་སྒྲིག་སྦྱོར་བྱས་པའི་དྲ་སྦྲེལ་བརྙན་འཕྲིན་ནས་ལེ་ཚན་མང་པོ་བལྟ་ཐུབ་པ་མ་ཟད། ཧ་ཅང་གསལ་པོ་འདུག་ཅེས་བཤད།
         གཞན་ཡང་ཀྲུང་གོ་སྒུལ་བདེས་ཡུལ་སྨད་ཤང་ལ“ཞིང་ཕན་དྲ་བ”བཙུགས་ནས་མང་ཚོགས་དབར་ཁ་པར་བརྒྱབ་ཚེ་རིན་སྤྲོད་མི་དགོས་པ་དང་དུས་མཚུངས་ཡུལ་སྨད་ཤང་ལ་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་བཏོད་པ་དེར་དྲ་ཚིགས་དང་། དུད་སྣེ། ཞིང་འབྲོག་དོ་དམ་པའི་APP 1259017བོད་སྐད་ཐད་གཏོང་ཁ་པར་སོགས་ལས་སྒོའི་མ་ལག་མང་པོ་དང་ཆ་འཕྲིན་འཚོལ་བསྡུ་དང་། ཡོངས་བསྒྲགས། ཐག་གཅོད། གསོག་ཉར། གསར་སྤེལ་བཀོལ་སྤྱོད་བཅས་གཞི་གཅིག་ཏུ་འདུས་ཡོད་པ་དེས་ཚན་རྩལ་དང་། ཁྲོམ་ར། རིག་གནས། སྨན་བཅོས། འཕྲོད་བསྟེན། གནམ་གཤིས་སོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་འགན་འཁུར་བས“དུས་ཡུན་རིང་པོའི་ནང་། ཀྲུང་གོ་སྒུལ་བདེས་ཆ་འཕྲིན་ཅན་གྱི་བྱེད་ཐབས་ཐོག་ནས་བོད་ལྗོངས་ཀྱི་མཐའ་དར་དམངས་ཕྱུག་ལ་རམ་འདེམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད། འབད་བརྩོན་ཧུར་ཐག་བྱས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།