འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་བྱིས་པའི་ཉིན་མོ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ད་ལྟ་རྒྱལ་སྤྱིའི་རང་བཞིན་གྱི་བྱིས་པའི་དུས་ཆེན་གཉིས་ཡོད་པ་སྟེ། ཟླ་6ཚེས་1ཉིན་གྱི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་ཟླ་11ཚེས་20ཉིན་གྱི་འཛམ་གླིང་བྱིས་པའི་ཉིན་མོ་རེད།
         1949ལོའི་ཟླ་བ་བཅུ་གཅིག་པར་རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་སི་ཁོར་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ་དང་ཚོགས་འདུའི་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ལོ་ལྟར་གྱི་ཟླ་6ཚེས་1ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་འབེབས་བྱས་པ་རེད།
        “འཛམ་གླིང་བྱིས་པའི་ཉིན་མོ”ནི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་གཏན་འབེབས་བྱས་པའི་ཆེད་དོན་རང་བཞིན་གྱི་འཛམ་གླིང་ཉིན་མོ་ཡིན་པ་དང་1986ལོ་ནས་འགོ་བཙུགས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱིས་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བྱིས་པར་དོ་ཁུར་བྱ་ཆེད། 1990ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་120ལྷག་ཙམ་གྱི་བྱིས་པའི་འཐུས་མི་1200སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཛམ་གླིང་བྱིས་པའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
         2017ལོ་ནས་བཟུང་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་ཞེས་པའི་མིང་དེ་འཛམ་གླིང་བྱིས་པའི་ཉིན་མོ་ཞེས་པར་བསྒྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།