འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་དངོས་སུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། “གསར་བརྗེའི་རྒྱུན་བསྐྱངས་ནས་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་ཅང་ཤིས་ནན་ཁྲང་གྲོང་ཁྱེར་དུ་དངོས་སུ་བཙུགས་པ་རེད། རྒྱལ་ཡོངས་སུ་ཁྱབ་པའི་གསར་བརྗེའི་ཡུལ་སྐོར་མནའ་འབྲེལ་མེད་པར་དམིགས་ནས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་མཛུབ་ཁྲིད་འོག ཅང་ཤིས་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གྲོས་འགོ་བཏོན་པའི་ཁར་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་(ཡུལ་སྐོར་ཅུས)24ཡིས་མཉམ་དུ་འཛུགས་རྒྱུའི་སྐུལ་སློང་བྱས་ནས་ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་བཙུགས་ཤིང་། མནའ་འབྲེལ་དེས་གསར་བརྗེའི་ཡུལ་སྐོར་ས་ཁོངས་མཉམ་ལས་ལ་སྐུལ་མ་བཏང་ནས་གསར་བརྗེའི་ཡུལ་སྐོར་སྤུས་རྟགས་ཀྱི་ལམ་ཐིག་དང་གསར་བརྗེའི་ཡུལ་སྐོར་ཐོན་ཟོག་མ་ལག་བཏོད་དེ་གསར་བརྗེའི་ཡུལ་སྐོར་གྱི་ཞབས་འདེགས་ཞུ་ནུས་ཆེ་རུ་དང་གསར་བརྗེའི་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་ཤུགས་ཆེར་གཏོང་རྒྱུ་་རེད། མནའ་འབྲེལ་གྱི་རྒྱུན་གནས་དྲུང་ཡིག་ཁྲུའུ་ཅང་ཤིས་སུ་འཛུགས་རྒྱུ་དང་། ཅང་ཤིས་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཨའོ་དབྱང་ཆོན་ཧྭ་སྐབས་འདིའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིར་བདམས་པ་རེད།
         མནའ་འབྲེལ་གྱི་ལོ་ཚོགས་ཐེངས་དང་པོའི་ཐོག་《ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་གྱི་སྒྲིག་ཡིག་》དང་། 《ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་གྱི་གྲོས་འདོན་ཡི་གེ་》 མནའ་འབྲེལ་གྱི་Iogo ཚོགས་དར། གཞུང་ཕྱོགས་དྲ་རྒྱ། གཞུང་ཕྱོགས་དཔོད་ཕྲན་སོགས་ཀྱི་དོན་གནད་ལ་གྲོས་འཆམ་བྱུང་བ་མ་ཟད། 2017ནས་2018ལོ་འཁོར་གྱི་ལས་དོན་འཆར་གཞིར་ཞིབ་འཇུག་ཀྱང་བྱས་པ་རེད།
         ཅང་ཤིས་ནི་ཀྲུང་གོའི་གསར་བརྗེའི་ཡུལ་སྐོར་ཐོག་མར་དར་ཡུལ་ཡིན་པས། 2004ལོར་རྒྱལ་ཡོངས་སུ་སྔོན་ལ་གསར་བརྗེའི་ཡུལ་སྐོར་དར་བའི་འགོ་བརྩམས་ཤིང་། ད་ཆ་ཅང་ཤིས་ཁོངས་སུ་གསར་བརྗེའི་རྗེས་ཤུལ་དང་། རྗེས་ཤུལ་རྙིང་པ། དྲན་རྟེན་བཅས་ཁྱོན་2300ལྷག་ཡོད་དེ། ཀྲུང་གོའི་གསར་བརྗེའི་འབྱུང་གནས་ཅིང་ཀན་ཧྲན་རི་བོ་དང་། མི་དམངས་དམག་དཔུང་གི་འབྱུང་ཁུངས་ནན་ཁྲང་། མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྱུང་ཡུལ་རུའེ་ཅིན། ཀྲུང་གོའི་བཟོ་པའི་ལས་འགུལ་སྤེལ་ཡུལ་ཨན་ཡོན་སོགས་གསར་བརྗེའི་མཛེས་ལྗོངས་ཁུལ་གྱི་སྙན་པ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་ཅང་ཤིས་གསར་བརྗེའི་ཡུལ་སྐོར་རྒྱལ་ཡོངས་སུ་གསར་བརྗེའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཏེ། ཅང་ཤིས་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི“སྔོན་སྐྱོད་པ”ཞིག་ཏུ་གྱུར་ཞིང་། 2004ལོ་ནས་2016ལོ་བར་ཅང་ཤིས་ཀྱི་གསར་བརྗེའི་ཡུལ་སྐོར་ལ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1350ནས་མི་ཐེངས་ཁྲི་14311བར་འཕར་ནས་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་77ནས་སྒོར་དུང་ཕྱུར་1157བར་མང་དུ་སོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།