འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་འགོ་ནད་ཀྱི་རིམས་ནད་བྱུང་ཚུལ་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་
    བསྟེན་དོན་རྐྱེན་དྲ་བ་ནས་ཐད་གཏོང་བྱེད་པའི་མ་ལག་ཆེ་ཤོས་དེ་བསྐྲུན་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་འགོ་ནད་ཀྱི་རིམས་ནད་བྱུང་ཚུལ་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དྲ་བ་ནས་ཐད་གཏོང་བྱེད་པའི་མ་ལག་ཆེ་ཤོས་དེ་བསྐྲུན་ཟིན་པ་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ཆ་འཕྲིན་ཆ་སྙོམས་སྙན་ཞུ་བྱེད་པའི་དུས་ཚོད་དེ་སྔའི་ཉིན་5ནས་ཆུ་ཚོད་4བར་ཐུང་དུ་བཏང་བ་དང་སྦྲགས། ཆུ་ཚོད་72ཀྱི་ནང་ནད་ཀྱི་འབྱུང་རྩ་རིགས་300ལྷག་ཙམ་ཞིབ་དཔྱད་ཚད་ལེན་བྱེད་པའི་ནུས་པ་ལྡན་ཡོད་པ་རེད།
         ལོ་10ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་རྒྱལ་གྱི་འཕྲོད་བསྟེན་འཕྲལ་སྡོམ་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཛ་དྲག་གསོ་རིག་མྱུར་སྐྱོབ་ཁྲོད་འཕྲོད་བསྟེན་གྱི་འཕྲལ་སྡོམ་མ་ལག་དང་ལྟེ་བའི་ནུས་པ་འཛུགས་པའི་བྱེད་པོར་དམིགས་ཏེ་ཐོལ་བྱུང་གི་འགོ་ནད་སྔོན་འགོག་ཚོད་འཛིན་དང་ཐོལ་བྱུང་དོན་རྐྱེན་གྱི་ཛ་དྲག་གསོ་རིག་མྱུར་སྐྱོབ་བྱེད་པའི“གཤོག་ཟུང”གི“གཟུགས་གཅིག་གཤོག་ཟུང”གི་འཕེལ་རྒྱས་བསམ་ཕྱོགས་བཟོས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་འཕྲལ་སྡོམ་མ་ལག་རགས་ཙམ་བསྐྲུན་ཐུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།