འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་བོད་རིགས་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་ཅིག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྟོན་དུས་ཡོལ་ཞིང་། དགུན་ཁ་ཤར་མ་ཐག་པའི་སྐབས་སུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་འཛོམ་པ་ཤང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་གསར་དུ་བཙུགས་པའི་གཙང་ཆེན་དགྲ་ལྷ་དབུལ་སྒྲོལ་འགག་སྒྲོལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་གི་སྣེ་ཁྲིད་འོག་གྲོང་མི་ཚོས་མུའུ་2000ལྷག་ཙམ་གྱི་རྨོན་བརྒྱབ་པའི་རྩྭ་ཐང་ཐོག་སྤུས་ལེགས་གཟན་རྩྭ་བྲེལ་འཚུབ་ཆེན་པོས་བཏབ་སྟེ། མཉམ་སྡེབ་འབྲོག་རའི་ནོར་ནག་གི་དགུན་སྒྲོལ་དཔྱིད་བསུའི་ཆེད་གཟན་རྩྭ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
         དབུལ་སྒྲོལ་འགག་སྒྲོལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་ནི་ལི་ཐང་རྫོང་གི་ལས་དོན་གསར་པ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་འཛོམ་པ་ཤང་གིས་ཤང་དེ་ཡོངས་ཀྱི་དུད་ཚང་268དང་མི་འབོར་དབུལ་པོ་1192ཀྱི་སྣེ་ཁྲིད་དེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་ཞིང་ཆེན་དེ་ཡོངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་ཐུབ་པར་བརྩོན་པ་དང་། ཤང་དེའི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་ལམ་བུའི་ཐོག་སྒུག་བརྟེན་སློང་གསུམ་མི་བྱེད་པར་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ཏང་ཀྲི་པུའུ་སྟོབས་ཤུགས་གཙོ་བོར་བྱས་པའི་འཛོམ་པ་ཤང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་ཅིག་བཙུགས་པ་དང་། གདོང་ལེན་རུ་ཁག་གི་གཤམ་འོག་ཏུ“ཐོན་ལས་ཀྲི་པུའུ”འགའ་ཞིག་བཙུགས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་ཁྲིད་སྟོན་བྱས་ཡོད་པ་རེད། ཤང་དང་དེ་བཞིན་སྲིད་འཛིན་གྲོང་ཚོ་7གྱི་ཏང་ཀྲི་པུའུ་ཚན་པར་བྱས་པ་དང་ཏང་ཡོན་73ལས་གྲུབ་པའི་གདོང་ལེན་རུ་ཁག་དེ་ནི་ཤང་དེའི་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས་ཀྱི་འགག་སྒྲོལ་སྟོབས་ཤུགས་སུ་གྱུར་ཡོད་པ་རེད།
         2015ལོའི་ལོ་མཇུག་ཏུ་འཛོམ་པ་ཤང་གིས་ཤང་ཡོངས་རང་བཞིན་གྱི་མཉམ་སྡེབ་མཉམ་ལས་ཁང་ཞིག་ནུས་ཤུགས་ཡོད་རྒུས་བཙུགས་མོད། འོན་ཀྱང་མི་མང་པོ་ཞིག་ལ་དོགས་འཆར་ཞིག་ཡོད་པས། དབུལ་སྒྲོལ་འགག་སྒྲོལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་གི་རུ་མི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱས་པ་དང་། ཞིང་འབྲོག་མང་ཚོགས་ལ་རྩིས་ལེགས་པར་བརྒྱབ་པ་སྟེ། དུད་ཚང་གཅིག་གིས་ནོར་ནག་གཅིག་མ་འཇོག་བྱས་ན་མ་གནས་མཐོ་པོ་མེད་ཀྱང་ཁེ་སྤོགས་ནི་དུད་ཚང་གཅིག་གིས་གསོས་པ་ལས་མཐོ་བ་ཡོད་པ་དང་། མཉམ་ལས་ཁང་གི་གཉེར་སྐྱོང་ཐད་ལ་དངུལ་རྩིས་ཁྲ་གསལ་པོ་བཟོ་བ་དང་གཏོང་ཡོང་དངུལ་ཀ་ལི་གཅིག་ཡིན་རུང་ཁ་གསལ་པོ་བཟོ་བ། ནོར་ནག་ལ་འགན་བཅོལ་ཉོས་ནས་ཉེན་ཁ་ཆུང་དུ་གཏོང་བ་སོགས་ཞིབ་པར་བརྗོད་པས། གྲོང་མི་ཚོའི་དོགས་འཆར་ཡང་རིམ་པར་བསལ་བ་རེད།
         2016ལོའི་ཟླ་4པར་གཙང་ཆེན་དགྲ་ལྷ་ས་མཐོའི་ནོར་ནག་གསོ་ཚགས་མཉམ་ལས་ཁང་བཙུགས་པ་དང་། གྲོང་མིའི་ལས་འཛིན་འགོ་གཙོ་དམངས་གཙོའི་འདེམས་བསྐོ་བྱས་ཁར། མཉམ་ལས་ཁང་གི་སྒྲིག་སྲོལ་བཟོས་ཡོད་པ་རེད། རྐང་དབང་ཚད་འབེབས་ཐད་དུད་ཚང་རེས་ནོར་ནག་རེ་འཇོག་པའི་གྲངས་འབོར་ལ་འགྱུར་བ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་གཅིག་གྱུར་ཉོ་སྒྲུབ་བྱས་ཏེ་ཆ་སྙོམས་རིན་གོང་ལ་གཞིགས་ནས་རྐང་དབང་ཚད་འབེབས་བྱས་པ་རེད། ནོར་ནག་ཉོ་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་གྲོང་ཚོ་ཁག་གི་མཉམ་ལས་ཁང་གི“ཐོན་ལས་ཀྲི་པུའུ”དང་གྲོང་མིའི་འཐུས་མིས་འགན་འཁུར་བ་དང་གོང་རིམ་སྡེ་ཚན་གྱིས་ལྟ་སྐུལ་བྱེད་ཀྱི་ཡོད་པ་རེད། ཏང་ཡོན་ལས་བྱེད་པས་དཀའ་ངལ་ལ་མི་སྐྲག་པའི་སྲོལ་རྒྱུན་བཟང་པོ་འདོན་སྤེལ་གྱིས་རྒྱུད་པ་ལེགས་པའི་ནོར་ནག་468ཉོས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
        འཛོམ་པ་ཤང་ཏང་ཨུད་ཀྱི་འགན་འཁུར་བས་དབུལ་སྒྲོལ་འགག་སྒྲོལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་གིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་མི་ཏང་ཡོན་ཚོར་ནུས་པ་འདོན་པའི་ལས་སྟེགས་རྙེད་ནས་གཞི་རིམ་རྩ་འཛུགས་ཀྱི་འཐབ་ནུས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་གྲོང་མི་རྣམས་ཕན་པ་ཆེ་ཤོས་ཐོབ་མཁན་དུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།