འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྡོ་ཐའི་ལས་རིགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་70ཙམ་བཏང་ནས་དབུལ་སྒྲོལ་ལ་རོགས་
    རམ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་རྡོ་ཐའི་ཐོན་སྐྱེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁྲི་8.68གསར་སྣོན་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་16.98གསར་སྣོན་བྱས་པ་དང་། 2017ལོའི་ལོ་འཁོར་དུ་ཆུ་ཁུངས་འདུ་འགོད་རོགས་སྐྲུན་རྣམ་གྲངས་7གསར་སྣོན་བྱས་པ། ཞིབ་བཅད་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་5.6གསར་སྣོན་བྱས་པ། རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་45.56གསར་སྣོན་བྱས་ཡོད་པ་རེད།
         གནས་གཏན་འཁེལ་གྱི་དབུལ་སྐྱོར་ཐད་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཀྲུའུ་ཧྲན་རྫོང་དང་ཀྲུའུ་ཤིས་རྫོང་སོ་སོར་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1500བཏང་བ་དང་། ཉིང་ཞ་ཝུའུ་ཀྲུང་ཧུང་སི་པའོ་ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1000བཏང་བ། ཅང་ཤིས་ཤིང་གོ་རྫོང་ལ་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་1བཏང་བ་རེད། གཞན་ཡང་རྡོ་ཐ་ལས་རིགས་ཀྱིས་2017ལོར་ཆེད་དངུལ་སྒོར་དུང་ཕྱུར་2མུ་མཐུད་བཏང་ནས་བོད་ཀྱི་དབུལ་སྒྲོལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།