འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚད་བརྒལ་རྩིས་འཁོར་རྣམ་གྲངས་ལ་སླར་ཡང"ཀེ་ཏེང་པེར"གྱི་བྱ་དགའ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཐོ་རེངས་ཨ་རིའི་ཏན་ཧྥུ་གྲོང་ཁྱེར་དུ་གཉེར་བའི་གོ་ལ་ཡོངས་ཀྱི་ཚད་བརྒལ་རྩིས་འཁོར་གྱི་ཚོགས་ཆེན་ཐོག ཆིང་ཧྭ་སློབ་ཆེན་ས་གོ་ལའི་མ་ལག་ཚན་རིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཧྥུ་ཧའོ་ཧོན་སོགས་ཀྱིས་ཐུན་མོང་ཐོག་འགོ་ཁྲིད་པའི་ཚོགས་པས་ལེགས་སྒྲུབ་བྱས་པའི“ཐིག་གཤིས་མིན་པའི་ས་ཡོམ་མ་དཔེར”རྒྱལ་སྤྱིའི་ནུས་པ་ཆེ་བའི་རྩིས་འཁོར་བེད་སྤྱོད་ཁྱབ་ཁོངས་ཀྱི་བྱ་དགའ་ཆེ་ཤོས“ཀེ་ཏེང་པེར”གྱི་བྱ་དགའ་ཐོབ་པ་རེད།
         གྲུབ་འབྲས་དེ་ནི་ཆིང་ཧྭ་སློབ་ཆེན་སའི་གོ་ལའི་མ་ལག་ཚན་རིག་ཚན་ཁག་དང་རྩིས་འཁོར་ཚན་ཁག་དང་། ཧྲན་ཏུང་སློབ་ཆེན། ལྷོ་ཕྱོགས་ཚན་རྩལ་སློབ་ཆེན། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན། རྒྱལ་ཁབ་མཉམ་སྒྲུབ་རྩིས་འཁོར་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས། རྒྱལ་ཁབ་ཚད་བརྒལ་རྩིས་འཁོར་ཝུའུ་ཤིས་ལྟེ་གནས་སོགས་ཀྱིས་མཉམ་དུ་ལེགས་སྒྲུབ་བྱས་པ་རེད། གྲུབ་འབྲས་དེ་འདི་ལོའི་གོ་ལ་ཧྲིལ་པོའི་ཚད་བརྒལ་རྩིས་རྒྱག་ཚོགས་ཆེན་ཐོག་ཡོངས་བསྒྲགས་བྱས་པ་དང་། དཔྱད་རྩོམ་གྱི་ཁ་བྱང་ནི་《ཟིལ་ཤུགས་མཆོག་ལྡན་གྱི་ཐའེ་ཧུའུ་མཚེའུ་ཡི་འོད་ཟེར་18.9+pTflopsཐིག་གཤིས་མིན་པའི་ས་ཡོམ་མ་དཔེ་སྟེ། 18Hzདང་8mསྣང་ཚུལ་གྱི་ཞིབ་བརྗོད་མངོན་འགྱུར་བྱུང་བ་》ཞེས་པ་དེ་རེད། ཧྥུ་ཧའོ་ཧོན་ནི་དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་ཡིན་པ་དང་། ཆིང་ཧྭ་སློབ་ཆེན་གྱི་ཧྥུ་ཧའོ་ཧོན་དང་། ཧོ་ཚུང་ཧུའེ། ཞུའེ་ཝེ་དང་དེ་བཞིན་ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་གྱི་ཡོན་ཧྲེ་ཁྲེན་ཞའོ་ཧྥེ་བཅས་ནི་དཔྱད་རྩོམ་གྱི་ཐུན་མོང་འཕྲིན་སྤེལ་རྩོམ་པ་པོ་རེད།
      

    ཕྱོགས་བསྡུས་གསར་འགྱུར།