འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཞིང་པའི་ཡོང་འབབ་གསར་དུ་འཕར་ནས་ལོ་བཞིའི་རིང་47.4%འཕར་བ་དང་། འདི་ལོ་སྒོར་ཁྲི་1.3ལྷག་ཙམ་ཟིན་ནས་མི་འབོར་དབུལ་པོ་ཁྲི་6000ལྷག་ཙམ་དབུལ་སྒྲོལ་བརྟན་པོ་ཐུབ་རེ་ཡོད། འབྲུ་རིགས་ཐོན་ཚད་ལོ་4བསྟུད་མར་བསྡོམས་རྒྱ་མ་དུང་ཕྱུར་ཁྲི་1.2ཡན་བརྟན་པོ་བྱུང་བ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་56%ལྷག་ཙམ་ཟིན་ནས་འདི་ལོ་རྨོ་ཞིང་འདེབས་འཇོག་རེས་མོས་ཀྱི་ལམ་ལུགས་མུའུ་ཁྲི་1200བར་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དག་ཐོག་ནས་རང་རྒྱལ་གྱི་གྲོང་གསེབ་དཔལ་འབྱོར་གྱི་སྤྱི་ཡོངས་སྐས་རིམ་གསར་པར་སླེབས་ནས་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པ་རེད།
         ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཕུའུ་ཡིས་འདི་གར་འཚོགས་པའི་སྐབས་དང་པོའི་ཀྲུང་གོའི་གྲོང་གསེབ་ཀྱི་ལས་ཞུགས་གསར་གཏོད་གླེང་སྟེགས་ཐོག་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དུས་རབས་གསར་པར་སླེབས་པའི་མངོན་གསལ་དོད་པོའི་ཁྱད་ཆོས་ནི“གསར་པ་དྲུག”རེད། དེ་ནི་ཞིང་ལས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པར་སླེབས་པ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་རྣམ་པ་གསར་པ་བཏོད་པ། དེང་རབས་ཞིང་ལས་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་པ། གྲོང་གསེབ་ཀྱི་སྒྱུར་བཅོས་ཐད་བཀོད་སྒྲིག་གསར་པ་བྱས་པ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་འཕེལ་རྒྱས་གསར་པ་བྱུང་བ། ཞིང་པའི་ཡོང་འབབ་གསར་དུ་འཕར་བ་བཅས་རེད། དུས་རབས་གསར་པར་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་སྔར་བཞིན་འགྲན་སློང་འཕྲད་ཡོད་ཅེས་བརྗོད་པ་རེད།
         ཧན་ཁྲང་ཕུའུ་ཡིས་དུས་རབས་གསར་པར་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། བཟོ་ལས་དང་། ཞིང་ལས། གྲོང་ཁྱེར། གྲོང་གསེབ་བཅས་ཀྱི་འབྲེལ་བ་སྔར་བས་ལེགས་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་མངོན་གསལ་དོད་པོ་བཏང་སྟེ་ཞིང་ལས་དེ་བྱེད་རིན་ཡོད་པའི་ཐོན་ལས་ཤིག་ཏུ་འགྱུར་བ་དང་། ཞིང་པ་ཡིད་དབང་འགུག་ཤུགས་ལྡན་པའི་ལས་རིགས་ཤིག་ཏུ་འགྱུར་བ། གྲོང་གསེབ་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།