འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་འདམ་ར་ཉམས་གསོའི་ལས་གྲྭ་ལག་ལེན་བསྟར་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེ་11ཉིན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འདམ་ར་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་དུས་ཚོད་སྐར་ཆ་ཙམ་ཡང་འགོར་འགྱངས་བྱ་མི་རུང་བ་ཞིག་རེད། ཚེས་11ཉིན་ཝུའུ་ཧན་དུ་གཉེར་བའི་སྐབས་བཞི་པའི་ཧུའུ་པེའི་སྣོད་བཅུད་རིག་གནས་གླེང་སྟེགས་ཐོག་རྒྱལ་ཁབ་ནགས་ལས་ཅུས་འདམ་ར་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཀྲི་ཀའོ་ཡིས་འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་རྨོ་ཞིང་བསྐྱུར་ནས་འདམ་ར་གསོ་བ་དང་། ཉ་ལས་བསྐྱུར་ནས་འདམ་ར་གསོ་བ། ཆུ་རགས་བསྐྱུར་ནས་མཚེའུ་སླར་གསོ་སོགས་ཀྱི་འདམ་ར་ཉམས་གསོའི་ལས་གྲྭ་སྔོན་ལ་ལག་ལེན་བསྟར་རྒྱུ་རེད་ཅེས་བཤད།
         རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པའི་བསྡོམས་རྩིས་ལ་གཞིགས་ན། རང་རྒྱལ་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་5360.26ཟིན་པ་དེས་གོ་ལ་ཧྲིལ་པོའི་འདམ་རའི་རྒྱ་ཁྱོན་གྱི་4%བཟུང་ནས་ཨེ་ཤེ་ཡའི་ཨང་དང་པོར་སླེབས་པ་དང་འཛམ་གླིང་གི་ཨང་བཞི་པར་སླེབས་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་གིས་བསྡོམས་མ་དངུལ་སྒོར་དུང་ཕྱུར་91.5བཏང་ནས་འདམ་ར་སྲུང་སྐྱོང་གི་ལས་གྲྭ་དང་ཀྲུང་དབྱང་ནོར་སྲིད་ཀྱི་འདམ་རའི་ཁ་གསབ་རྣམ་གྲངས་1500ལྷག་ཙམ་ལག་ལེན་བསྟར་བ་དང་། འདམ་རའི་སྣོད་བཅུད་ཀྱི་ཕན་འབྲས་ཁ་གསབ་དང་རྨོ་བསྐྱུར་འདམ་ར་གསོ་བ་དང་འདམ་ར་སྲུང་སྐྱོང་གི་བྱ་དགའི་ཚོད་ལྟའི་ལས་དོན་སྤེལ་ནས་ཁྱོན་འདམ་ར་སྲུང་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་200ལྷག་ཙམ་གསར་འཕར་བྱུང་སྟེ་འདམ་ར་སྤྱི་ཆིང་ཁྲི་16སླར་གསོ་ཐུབ་ཡོད་པ་རེད།
         དེ་དང་ཆབས་ཅིག་རང་རྒྱལ་དུ་འདམ་རའི་རྒྱ་ཁྱོན་ཆུང་དུ་འགྲོ་བ་དང་། ནུས་པ་ཉམས་པ། སྐྱེ་དངོས་སྣ་མང་རང་བཞིན་ཉམས་རྒུད་འགྲོ་བ། དོ་དམ་ཐད་མི་འདང་ས་ཡོད་པ་སོགས་ཀྱི་གནད་དོན་འཕྲད་ཡོད། ས་ཆ་ཁ་ཤས་སུ་ད་དུང་གང་བྱུང་དུ་གསར་སྤེལ་དང་འཛུགས་སྐྲུན་བྱས་ནས་འདམ་རར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཐོན་གྱི་ཡོད་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་མཚོ་འགྲམ་སོགས་ཀྱི་ས་ཁོངས་སུ་མངོན་གསལ་ཧ་ཅང་དོད་པོ་ཡོད་པས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འདམ་རའི་འབྲུབ་འགོག་ཆུ་གསོག་ནུས་པ་ཆེས་ཆེར་ཆུང་དུ་ཕྱིན་ནས་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེ་ཐོན་མང་དུ་སོང་བ་དང་ཤུགས་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།