འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“རྩྭ་ཐང་གི་གྲོང་རྡལ་དང་པོའི”ཞིང་ར་ཕྱོགས་སྒྱུར་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།“རྩྭ་ཐང་གི་གྲོང་རྡལ་དང་པོའི”ཞིང་ར་ཕྱོགས་སྒྱུར་བྱུང་བ།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ལ“རྩྭ་ཐང་གི་གྲོང་རྡལ་དང་པོ”ཞེས་བརྗོད་ཅིང་། ད་ཕན་ལོ་ཤས་རིང་། དཔལ་ཁའི་སོན་ལུག་ར་བས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་། རྩྭ་འདེབས་གཙོ་གནད་དུ་བྱེད་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་བཏང་བ་བཅས་བྱས་པར་བརྟེན་འབྲོག་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་རྐྱང་པར་འགྱུར་ལྡོག་ཕྱིན་པའི་ཁར། “གཟན་རྩྭར་བརྟེན་ནས་ཕྱུགས་གསོ་དང་ཕྱུགས་ལ་བརྟེན་ནས་ཕྱུགས་རྩྭར་སྐུལ་འདེད་གཏོང་བའི”ཞིང་འབྲོག་ལས་ཀྱི་འཁོར་རྒྱུག་གྲུབ་པ་དང་བཏབ་པའི་གཟན་རྩྭ་སི་ཁྲོན་དང་། ཧྲང་ཧའེ། ནང་སོག་སོགས་སུ་འཚོང་གི་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་དཔལ་ཁའི་ལུག་ཐུག་ར་བར་འདོན་འཇུག་འཕྲུལ་འཁོར་གྱིས་གཟན་རྩྭ་རླངས་འཁོར་ལ་བླུག་བཞིན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།