འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་བོད་རིགས་ས་ཁུལ་དུ་གློག་དྲའི་རྣམ་གྲངས་ཁག་གཅིག་ལག་བསྟར་གྱིས་དབུལ་སྐྱོར་
    གསར་སྤེལ་ལ་རོགས་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ཁྱོན་མ་དངུལ་སྒོར་དུང་ཕྱུར་25.1བཏང་བའི་གློག་དྲའི་རྣམ་གྲངས་བཞི་ཟླ་11ཚེས་1ཉིན་གཅིག་སྡུད་ཐོག་ལས་འགོ་ཚུགས་པ་རེད། རྣམ་གྲངས་དེ་དག་འཛུགས་སྐྲུན་ཟིན་རྗེས་རྔ་པ་བོད་རིགས་ས་ཁུལ་གྱི་གློག་དྲའི་སྒྲོམ་གཞི་དང་གློག་འདོན་ནུས་པ་ཇེ་ཆེར་དང་གློག་ཤུགས་འགན་ལེན་ཆུ་ཚད་ཇེ་མཐོར་སོང་ནས་མི་རིགས་ས་ཁུལ་གྱི་ཡུག་འབྲེལ་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རོགས་སྐུལ་ཐུབ་རེ་ཡོད་པ་རེད།
           དཔལ་འབྱོར་ཉིན་རེ་ལས་ཉིན་རེ་མ་འདས་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག རྔ་པ་ཀྲོའུ་ཡི་ས་གནས་དེ་གའི་ད་ཡོད་གློག་དྲའི་སྒྲིག་བཀོད་ཀྱིས་གློག་གི་དགོས་མཁོ་སྐོང་དཀའ་བར་གྱུར་ཞིང་། དགུན་དུས་སུ་གློག་གཏོང་མཚམས་ཆད་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་པ་རེད། རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིའི་ཏུང་ཧྲི་ཀྲང་ཧྲེ་ཡུས་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིས་འཆར་གཞི་ལྟར་ན། རྔ་པ་ཀྲོའུ་ལ་མ་དངུལ་སྒོར་དུང་ཕྱུར་116བཏང་ནས་ཆན་ཕུའུ་ཨན་ཁྲི་405ཡོད་པའི་གློག་སྒྱུར་ཤོང་ཚད་གསར་འཕར་བྱ་རྒྱུ་དང་གློག་ལམ་སྤྱི་ལེ་4970འཁྲིད་རྒྱུ་ཡིན་ཞིང་། དེ་ལས་མི་རིགས་ས་ཁུལ་གྱི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་རྔ་པ་ཀྲོའུ་ཡི་དཔལ་འབྱོར་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་གློག་ཤུགས་ཀྱི་འགན་ལེན་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།