འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་སློབ་གསོའི་དབུལ་སྐྱོར་ལ་བརྟེན་ནས་བོད་རིགས་ས་ཁུལ་སོགས་ལ་དབུལ་པོ་བུ་
    རབས་ཚ་རྒྱུད་མི་ཡོང་བ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་《སི་ཁྲོན་གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་(2017ལོ་ནས་2020ལོ་བར)གྱི་ལག་བསྟར་ཇུས་གཞི་》བཏོན་ཏེ་ཕྱོགས་ཡོངས་ནས་སི་ཁྲོན་གྱི་ས་ཁུལ་དབུལ་པོའི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
           སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཇུས་གཞི་ལག་བསྟར་བྱ་ཡུལ་ནི་ཆིན་པ་རི་ཁུལ་དང་། ཝུའུ་མོང་རི་ཁུལ། ལེའང་ཧྲན་ཆེན་པོ་དང་ཆུང་ངུའི་དབྱིས་རིགས་ཁུལ། ས་མཐོའི་བོད་རིགས་ས་ཁུལ་བཅས་ཀྱི་རྫོང་དབུལ་པོ་88དང་དེ་བཞིན“ཡུག་ཁུལ་ཆེན་པོ་བཞི”ཕུད་པའི་རྫོང་72ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གསོ་གཏོང་ཡུལ་གྱི་ན་ལོན་ལོ་ཆུང་བྱིས་པ་ཁྲི་53དང་རིམ་ཁག་གི་ཉམས་ཞན་སློབ་གྲྭ་སྣ་ཚོགས་ཡིན་པ་རེད།
          སློབ་ཞུགས་གོང་གི་སློབ་གསོའི་ཐད། སི་ཁྲོན་གྱིས་ས་ཁུལ་དབུལ་པོར་ཤང་དང་གྲོང་རྡལ་གྱིས་གཞུང་བཙུགས་ལྟེ་བའི་བུ་བཅོལ་ཁང་རེ་ཉུང་མཐར་གཉེར་བ་དང་། ཆ་རྐྱེན་འཛོམས་པའི་སྲིད་འཛིན་གྲོང་ཚོར་ལོགས་སུ་བུ་བཅོལ་ཁང་ངམ་ཡང་ན་ཡན་ལག་བུ་བཅོལ་ཁང་འཛུགས་པ། སྲིད་འཛིན་གྲོང་ཚོ་ཆུང་ངུས་མཉམ་དུ་བུ་བཅོལ་ཁང་གཉེར་ནས་ས་ཁུལ་དབུལ་པོར་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ཞབས་ཞུའི་དྲ་བ་རིམ་པ་བཞིན་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          མཐོ་རིམ་སློབ་འབྲིང་དུས་མཚམས་སུ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འབྲིང་རིམ་ལག་རྩལ་སློབ་མར་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དང་། སི་ཁྲོན་ཞིང་ཆེན་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འབྲིང་རིམ་ལག་རྩལ་སློབ་མར་འབྲིང་རིམ་ལག་རྩལ་གྱི་རོགས་དངུལ་སྤྲོད་པའི་རྨང་གཞིའི་ཐོག་སློབ་མ་མི་རེ་ངོ་རེར་སློབ་དུས་རེར་འཚོ་བའི་ཁ་གསབ་སྒོར་500སྤྲོད་རྒྱུ་རེད།
          མི་རིགས་ས་ཁུལ་ལ་མུ་མཐུད་ལོ་བཅོ་ལྔའི་སློབ་ཡོན་རྩ་ཆག་གི་སློབ་གསོའི་འཆར་གཞི་ལག་ལེན་བསྟར་ཏེ། ཕྱོགས་ཡོངས་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་(གྲོང་ཁྱེར)51གི་གཞུང་བཙུགས་བུ་བཅོལ་ཁང་གི་ལོ་གསུམ་གྱི་སློབ་གསོའི་གྲོན་དངུལ་དང་གཞུང་བཙུགས་མཐོ་རིམ་སློབ་འབྲིང་དཀྱུས་མའི་ལོ་གསུམ་གྱི་སློབ་ཡོན་རྩ་ཆག་གཏོང་རྒྱུ་མ་ཟད། མཐོ་རིམ་སློབ་འབྲིང་དཀྱུས་མ་ཚང་མའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་རིན་པ་མེད་པའི་ངང་སློབ་དེབ་སྤྲོད་རྒྱུ་བཅས་2020ལོར་སླེབས་སྐབས་མི་རིགས་རང་སྐྱོང་ས་ཁུལ་དུ་སྤྱིའི་ཆར་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་བཏང་ནས་ལོ་གསུམ་གྱི་སློབ་ཞུགས་གོང་གི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་80%དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་བཏང་ནས་མཐོ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་90 %ཟིན་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།