འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཆབ་མདོའི་རྫོང་(ཆུས)11ལ་གྲོང་གསེབ་གློག་དྲ་ཚབ་གཉེར་དོ་དམ་མངོན་
    འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ཆབ་མདོ་གློག་གཏོང་ཀུང་སིས་ལྷོ་རོང་དང་། སྟེང་ཆེན། དཔལ་འབར་བཅས་རྫོང་གསུམ་གྱི་གྲོང་གསེབ་གློག་དྲ་ཚབ་གཉེར་དོ་དམ་གྱི་མིང་རྟགས་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་དེས་རྫོང་གསུམ་གྱི་གློག་གཏོང་ཀུང་སི་དངོས་སུ་བཙུགས་པ་དང་འབྲེལ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིར་ཚབ་གཉེར་དོ་དམ་བྱ་རྒྱུར་རྩིས་སྤྲད་པ་མཚོན་ཡོད། དེས་ན་ཆབ་མདོའི་རྫོང་(ཆུས)11ཚང་མར་གྲོང་གསེབ་གློག་དྲ་ཚབ་གཉེར་དོ་དམ་བྱས་ཡོད།
           ཡུན་རིང་ནང་རྒྱུ་རྐྱེན་ཁག་གི་ཚོད་འཛིན་དང་ཆབ་མདོ་གྲོང་ཁྱེར་གྱི་རྫོང་(ཆུས)ཁག་གི་གྲོང་གསེབ་གློག་དྲ་ཁེ་ལས་ཀྱི་བདེ་འཇགས་དོ་དམ་དང་། སྒྲིག་ཆས་སྐྱེལ་འདྲེན་ཉམས་བཟོ། གློག་གཏོང་ཞབས་ཞུའི་ཆུ་ཚད་མཐོ་པོ་མེད་པ། དོ་དམ་ཞིབ་ཚགས་མེད་པ། གཉེར་སྐྱོང་དཀའ་བ་སོགས་ཀྱི་གནད་དོན་གྱི་དབང་གིས་གྲོང་གསེབ་གློག་དྲ་དང་གྲོང་གསེབ་གློག་དྲའི་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་ཚོད་འཛིན་ཕོག་པ་དང་། དེང་སྐབས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་མངོན་འགྱུར་བྱེད་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པོ་མེད་སྟབས་2013ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་བྲག་གཡབ་དང་། རི་བོ་ཆེ། འཇོ་མདའ་སོགས་རྫོང་བདུན་གྱི་གྲོང་གསེབ་གློག་དྲ་ཚབ་གཉེར་དོ་དམ་ལས་དོན་བསྒྲུབས་པ་དང་འབྲེལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ད་ཐེངས་རྫོང་གསུམ་གྱི་གྲོང་གསེབ་གློག་དྲ་ཚབ་གཉེར་དོ་དམ་གྲོས་མཐུན་ཐོག་མིང་རྟགས་བཀོད་པ་དེས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་གློག་དྲ་ཚབ་གཉེར་དོ་དམ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་དེ་བས་བརྟན་པའི་གློག་ཤུགས་ཀྱི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།