འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་བོད་ཀྱི་རུ་མི་གསོ་སྐྱོང་
    ཧུར་ཐག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གིས་རུ་མི་འདེམས་པ་དང་གསོ་སྐྱོང་གི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ནས། ལན་ཆིའུ་སྤོ་ལོའི་རྗེས་གྲབས་མི་སྣའི་འབྲེལ་གཏུག་ས་ཚིགས་བཙུགས་ཏེ་བོད་ལྗོངས་ཀྱི་ལན་ཆིའུ་སྤོ་ལོ་མཁས་ཅན་གསོ་སྐྱོང་དང་གྲབས་གསོག་ཧུར་ཐག་བྱ་རྒྱུ་རེད།
         ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་ཏུང་ཧྲི་ཀྲང་ཚེ་བརྟན་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། 2017ལོར་སྤྲོ་སྐྱིད་ཁང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་གི་གདན་ཞུས་ལྟར་དཀར་མཛེས་སུ་ལན་ཆིའུ་སྤོ་ལོ་ཁྱབ་གདལ་གཏོང་བའི་སློབ་ཁྲིད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་སྦྲགས། དཀར་མཛེས་ཀྲོའུ་ཡི་ཕྱག་ཕྲེང་རྫོང་དང་དེ་བཞིན་བོད་ལྗོངས་ལྷ་ས་སློབ་འབྲིང་དང་བོད་ལྗོངས་དམིགས་བསལ་སློབ་གྲྭར“ལན་ཆིའུ་སྤོ་ལོའི་རྗེས་གྲབས་སྤོ་ལོ་མཁས་ཅན་གྱི་འབྲེལ་གཏུག་ས་ཚིགས”བཙུགས་ཡོད། གོམ་སྟབས་རྗེས་མར་སྤྲོ་སྐྱིད་ཁང་གིས་རུ་མི་འདེམས་པའི་རྒྱ་ཁྱོན་སྔར་བས་ཆེ་རུ་དང་གསོ་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ལན་ཆིའུ་སྤོ་ལོའི་རྗེས་གྲབས་སྤོ་ལོ་མཁས་ཅན་གྱི་འབྲེལ་གཏུག་ས་ཚིགས་དེ་བས་མང་བ་བཙུགས་ནས། སྤོ་ལོ་མཁས་ཅན་གྲབས་གསོག་གི་རྣམ་པ་འཐུས་ཚང་ཞིག་ཆགས་པར་བྱས་ཏེ་བོད་ཀྱི་ལན་ཆིའུ་སྤོ་ལོའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གིས་བོད་རིགས་ཀྱི་ན་གཞོན་སྤོ་ལོ་རྒྱག་མཁན་གྱི་གྲངས་གཞིའི་མཛོད་ཅིག་བཙུགས་ཟིན་པ་དང་། ཕྱིས་སུ་སྤོ་ལོ་རྒྱག་མཁན་གྱི་གཞི་རྩའི་ཆ་འཕྲིན་དང་རྩལ་ནུས་གྲངས་གཞིའི་མཛོད་ནང་བསྡོམས་རྩིས་རྒྱག་རྒྱུ་མ་ཟད། མུ་མཐུད་འཐུས་སྒོ་ཇེ་ཚང་དང་གསར་བརྗེས་བྱ་རྒྱུ་རེད།
          ཚེ་བརྟན་རྡོ་རྗེས“བོད་ཀྱི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་ཞིག་ཡིན་པའི་ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གིས་རང་ཡུལ་གྱི་སྤོ་ལོ་རྒྱག་མཁན་གསོ་སྐྱོང་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་རང་ཉིད་ཀྱི་རྩལ་འཁྲིད་པ་ཡང་གསོ་སྐྱོང་བྱེད་དགོས། ང་ཚོའི་དེ་སྔའི་སྤོ་ལོ་རྒྱག་མཁན་རིན་ཆེན་ཆོས་གྲགས་རུ་ཁག་གི་ལས་རོགས་རྩལ་ཁྲིད་པར་གྱུར་ཡོད”ཅེས་བཤད།
           བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་གི་ལས་རིགས་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་ཐོག་མ་ཡིན་པའི་ངོས་ནས་ལྷ་ས་ས་གཙང་ལན་ཆིའུ་སྤོ་ལོའི་རུ་ཁག་2017ལོའི་NBLའགྲན་བསྡུར་དུས་ཚིགས་སུ་རྒྱལ་ཁ་ཐེངས་བཅུ་གཉིས་ཐོབ་པ་དང་། 2017ལོར་རུ་ཁག་གིས་བོད་ཀྱི་ཚབ་བྱས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དར་མའི་ཚོགས་ཆུང་གི་གྲ་སྒྲིག་འགྲན་བསྡུར་ནང་ཞུགས་པ་དང་། དེ་ནི་བོད་ཀྱི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་སྐབས་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ནས་ལོ་མང་སོང་རྗེས་བསྐྱར་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།