འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རིག་གནས་ཀྱི་ཕྱོགས་སུ་བསྐྱོད་པའི་སྒོ་མོ་ཕྱེ་བ། 

    —— ནེའུ་ཙི་ལན“རྒྱ་ཡིག་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པའི་ཟུར་ བྲིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “སྐད་ཡིག་ནི་རིག་གནས་དང་དེ་བཞིན་ཚང་མར་ཁ་ཕྱོགས་པའི་རྒྱལ་སྒོ་ལྟ་བུ་རེད། སྐད་ཡིག་མ་ཤེས་ན་རྒྱལ་སྒོ་དེ་ནམ་ཡང་ཕྱེ་མི་ཐུབ”ཅེས་ནེའུ་ཙི་ལན་བཟོ་པའི་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མི་དང་ཁྲིམས་རྩོད་པ་ཏིང་ཁེན·ཝེ་པའོ་ཡིས་ཚེས་29ཉིན་དེ་ལྟར་བཤད།
            ཉིན་དེར་ལོ་གཅིག་དུས་གཅིག་གི“རྒྱ་ཡིག་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པ་ནེའུ་ཙི་ལན་གླིང་ཕྲན་ལྷོ་མའི་གྲོང་ཁྱེར་ཆེ་གྲས་ཨང་དང་པོ་ཁེ་ལའེ་སི་ཐེ་ཁྲེ་ཆི་ཡི་སྐྱེས་པའི་མཐོ་རིམ་སློབ་འབྲིང་དུ་གཉེར་ཞིང་། བྱེད་སྒོར་ཞུགས་མཁན་ཝེ་པའོ་ཡིས་ཀྲུང་གོའི་ལོ་རྒྱུས་དང་། སྲོལ་རྒྱུན། མཚན་ཉིད་རིག་པ་བཅས་ལ་ཧ་ཅང་དགའ་པོ་ཡོད་ཅེས་བརྗོད་བྱུང་། དུས་རབས་གོང་མའི་ལོ་རབས་90པར་ཁོང་ཤང་ཀང་སློབ་ཆེན་དུ་ཀྲུང་གོའི་བཅའ་ཁྲིམས་འཁྱུག་ཙམ་སྦྱང་མྱོང་ཡོད།
          ཀྲུང་གོར་བཅའ་སྡོད་དེ་སྔའི་ནེའུ་ཙི་ལན་གྱི་གཞུང་ཚབ་ཆེ་མོ་བ་ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བའི་སྐུལ་འདེད་ལྷན་ཚོགས་ཀྱི་ལས་འཛིན་པའོ་དབྱི་ཀྲེ་ཡིས་ཤིས་ཚིག་གསུངས་སྐབས་ལོ་45གོང་དུ་ངས་རྒྱ་ཡིག་སྦྱོང་འགོ་ཚུགས་པ་ཡིན། གདམ་ག་དེས་ངའི་ཕྱི་འབྲེལ་དཔོན་གྱི་ལས་ཀར་ཕན་པ་ཆེན་པོ་ཐོབ་བྱུང་ཞེས་བཤད། ཁོང་གིས་རྒྱུན་དུ་མུ་མཐུད་རྒྱ་ཡིག་སྦྱངས་པ་དང་འབྲེལ། ནེའུ་ཙི་ལན་དུ་ལོག་རྗེས་ཁུང་ཙི་སློབ་གླིང་གི་ལས་དོན་ནང་ཞུགས་ཡོད།
          པའོ་དབྱི་ཀྲེ་ཡིས་ནེའུ་ཙི་ལན་གྱི་སློབ་འབྲིང་གི་སློབ་མ་མང་པོས་རྒྱ་ཡིག་སྦྱོང་བ་དེ་ཐོག་ནས་སྲིད་གཞུང་གིས་རྒྱ་ཡིག་དེ་སྐད་ཡིག་གཉིས་པར་བརྩི་གི་ཡོད་པ་མཐོང་ཐུབ་ཅེས་བཤད། ཁོང་གིས་དྲན་གསོ་དང་བཅས་ལོ་17གོང་དུ་ནེའུ་ཙི་ལན་གྱི་སློབ་གྲྭ་ཡོངས་སུ་རྒྱ་ཡིག་སྦྱོང་མཁན་སློབ་ཕྲུག་2000ཙམ་ལས་མེད། འོན་ཀྱང་ན་ནིང་སློབ་ཆུང་ཁོ་ནར་རྒྱ་ཡིག་སྦྱོང་མཁན་སློབ་མ་ཁྲི་5.2ཡོད་ཅེས་བཤད། ནེའུ་ཙི་ལན་སློབ་འབྲིང་གི་གྲངས་གཞི་གསར་ཤོས་ལས་རྒྱ་ཡིག་ནི་སྦྱོང་མཁན་མང་ཤོས་ཀྱི་སྐད་ཡིག་ཅིག་ཡིན་པ་མངོན་ཡོད།
          ཁེ་ལའེ་སི་ཐེ་ཁྲེ་ཆི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཝང་ཀྲེ་ཅན་གྱིས་ཤིས་ཚིག་ནང་ནེའུ་ཙི་ལན་གྱི་སློབ་མས་རྒྱ་ཡིག་སྦྱོང་བའི་སྤྲོ་སེམས་ལ་མངགས་བརྗོད་བྱ་རྒྱུ་ཡིན། རྒྱ་སྐད་ཡག་པོ་ཤོད་ཐུབ་པ་མ་ཟད་ཀྲུང་གོའི་རིག་ནས་ལ་ཤེས་རྟོགས་ཐུབ་མཁན་གྱི་ནེའུ་ཙི་ལན་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ཅེས་བཤད།
         ཁེ་ལའེ་སི་ཐེ་ཁྲི་ཆི་ཡི་སྐྱེས་པའི་མཐོ་རིམ་སློབ་འབྲིང་ལ་རྒྱ་ཡིག་སློབ་ཚན་ཁྲིད་ནས་ལོ་20ལྷག་ཙམ་འགྲོ་གི་ཡོད། སློབ་སྤྱི་གཞོན་པ་ཧྲེ་ཏི་ཕུའུ·ཕུའུ་ལེ་ཙེ་ཡིས་ནེའུ་ཙི་ལན་གྱི་ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་སྟོབས་ཆེར་ཕྱིན་པ་དེ་ཐོག་ནས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་གལ་ཆེན་རང་བཞིན་མངོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ཡིག་དགེ་རྒན་ཕེང་ཧུད་ལི་ཡིས་འདས་པའི་ལོ་18རིང་རྟག་ཏུ་སློབ་གྲྭ་དེར་རྒྱ་ཡིག་སློབ་ཚན་འཁྲིད་ཡོད་པ་དང་། ད་ཆ་ཁོང་ལ་སློབ་མ་110ལྷག་ཙམ་ཡོད་པ་དང“ཁུང་ཙི་སློབ་ཁང”ལ་གཟའ་འཁོར་རེར་སློབ་ཚན་ཐེངས་21འཁྲིད་ཀྱི་ཡོད།
         ཕིང་ཧུད་ལི་ནི་ནེའུ་ཙི་ལན་རྒྱ་ཡིག་དགེ་རྒན་མཐུན་ཚོགས་ཀྱི་ཁན་ཐེ་པོ་ལེ་ཞིང་ཆེན་གྱི་འགན་འཁུར་བ་ཡིན་པ་དང་མཐུན་ཚོགས་ཀྱིས་ཁན་ཐེ་པའོ་ལེ་སློབ་ཆེན་ཁུང་ཙི་སློབ་གླིང་དང་། ནེའུ་ཙི་ལན་ལུའུ་དབྱི·ཨའེ་ལི་རྒྱ་ཡིག་སློབ་གྲྭ་དང་མཉམ་དུ་ད་ཐེངས་ཀྱི་རྒྱ་ཡིག་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་གཉེར་ཡོད། ཁོང་གིས་བྱེད་སྒོ་ལོ་4བསྟུད་མར་གཉེར་བ་དང་དམིགས་ཡུལ་ནི་ནེའུ་ཙི་ལན་གྱི་གཙོ་རྒྱུན་སྤྱི་ཚོགས་སུ་རྒྱ་ཡིག་དང་ཀྲུང་གོའི་རིག་གནས་ཁྱབ་གདལ་བཏང་ནས་ནེའུ་ཙི་ལན་གྱི་སློབ་མ་ཚོས་སྐད་ཡིག་དང་རིག་གནས་ཀྱི་ཉམས་འགྱུར་ཚོར་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད་བྱུང་།
         བྱེད་སྒོའི་ནང་སེང་རྩེད་དང་། སྐེད་རྔ། དྲག་རྩལ། སྲོལ་རྒྱུན་ཞབས་བྲོ། ཡིག་གཟུགས། ཀྲུང་གོའི་་སྲོལ་རྒྱུན་རི་མོ། ཤོག་དྲས་འདྲ་གཟུགས། ཀོ་བརྙན་ཟློས་གར། ཅོའོ་ཙེ་བཟོ་བ་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་ཞུགས་མཁན་ཚང་མ་ནི་ས་གནས་དེ་གའི་སློབ་འབྲིང་དང་སློབ་ཆུང་གི་སློབ་མ་ཡིན་པ་དང་མི་500ལྷག་ཙམ་ལྟ་སྐོར་བྱེད་པར་སླེབས་ཡོད་པ་རེད།
         སི་ཕུའི་ལིན་སི་ཏུན་སློབ་ཆུང་གི་སློབ་མ་ཧྲ་ལ་ཡིས་ཁོང་ཐོག་མར་ཕ་མའི་སྐུལ་ལྕག་འོག་རྒྱ་ཡིག་སྦྱོང་འགོ་ཚུགས་པ་དང་ད་ཆ་ཁོང་གི་ཕ་མ་གཉིས་ཀྱང་རྒྱ་ཡིག་སྦྱོང་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།