འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ཤར་དུ་མི་ཁྲི་40ཡིས་འོས་འགན་ཤིང་འཛུགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྟོན་མཇུག་ཏུ་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཤིང་ཨར་བོད་རིགས་ཤང་དུ་ས་གནས་དེ་གའི་མིས“ཁང་པ་ཡོར”ཞེས་འབོད་པའི་ཡངས་པའི་རི་ལྡེབས་སུ་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་1500ལྷག་གིས་ཡོ་ཆས་ཁྱེར་ཏེ་ཚ་ཚ་འུར་འུར་གྱི་སྟོན་གྱི་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ་རེད།
          “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་མཐའ་འཁྱོངས་བྱེད་པར་ངེས་པར་དུ་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་དགོས་པ་བཏོན་ཡོད”ཅེས་ཤིང་ཨར་བོད་རིགས་ཤང་ལྟེ་བའི་སློབ་གྲྭའི་སློབ་སྤྱི་རིན་ཆེན་གྱིས་བཤད་ཅིང་། ཁོང་གིས“སྔོན་མ་ས་ཆ་འདི་ནི་རི་རྒོད་སྐྱ་ཐེར་ཡིན་པ་དང་གང་སར་བ་ཚྭ་ཅན་གྱི་སས་ཁེངས་ནས་རྩྭ་གང་ཡང་སྐྱེ་ཡི་མེད། ད་ཆ་སྔོ་འགྱུར་བྱས་པ་བརྒྱུད་འགྱུར་ལྡོག་ཆེན་པོ་བྱུང་བས་ང་ཚོས་སྣོད་བཅུད་བཟང་པོ་འདི་སྲུང་སྐྱོང་བྱས་ཏེ་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས”ཞེས་བཤད། ཤིང་ཨར་བོད་རིགས་ཤང་སློབ་འབྲིང་གི་སློབ་མ་400ལྷག་དགེ་རྒན་གྱི་སྣེ་ཁྲིད་འོག་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྟོན་དུས་ཀྱི་ནགས་བཟོའི་བྱེད་སྒོ་ཟླ་10ཚེས་30ཉིན་བར་གཉེར་ནས་འོས་འགན་ཤིང་སྡོང་རྐང་ཁྲི་191.06དང་། གསར་འདེབས་མུའུ་ཁྲི་1.22 གསབ་འདེབས་གསབ་འཛུགས་མུའུ་ཁྲི་5.15བཅས་ཟིན་པ་བྱ་བཟོ་ཡོད། “ང་ཚོའི་དམིགས་ཚད་ནི་2020ལོར་སླེབས་སྐབས་ནགས་བཟོ་མུའུ་ཁྲི་100ཡན་དང་། མཚོ་ཤར་གྱི་ནགས་ཚལ་ཁྱབ་ཚད་36% མི་རེར་ཆ་སྙོམས་སྤྱི་གླིང་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་6བཅས་ཟིན་པ་བྱས་ནས་མཚོ་ཤར་དུ་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པའི་སྣོད་བཅུད་བདེ་འཇགས་མ་ལག་ཅིག་སྤྱིར་ན་ཆགས་པ་བྱ་རྒྱུ་ཡིན”ཞེས་མཚོ་ཤར་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲི་ཀྲང་ཉའོ་ཁྲེང་ཡུན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།