འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་གློག་ཚད་ཟད་གྲོན་དང་ཕྱིར་གཏོང་བྱེད་ཚད་གཉིས་ཀ་ལོ་རྒྱུས་
    ཀྱི་ཟིན་ཐོ་གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རིམ་རྩིས་བྱས་ན་དུས་ཚིགས་དང་པོ་ནས་དུས་ཚིགས་གསུམ་པའི་རིང་མཚོ་སྔོན་གློག་དྲས་ནུས་རྒྱུ་གཙང་མའི་གློག་ཟད་གྲོན་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་332.62ཟིན་པའི་ཁྲོད་ནུས་རྒྱུ་གཙང་མའི་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་27.09ཟིན་པ་དེ་དུས་མཚུངས་ལས་93.7%འཕར་བས། ནུས་རྒྱུ་གཙང་མ་ཟད་གྲོན་དང་ཕྱིར་གཏོང་བྱེད་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།
          མཚོ་སྔོན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཁུངས་ཡིན་པས་ཆུ་གློག་དང་། ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་འཆར་འགོད་དང་དེ་བཞིན་འབྲེལ་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་དར་སྤེལ་མྱུར་པོ་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།
          གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་9པའི་ཟླ་མཇུག་བར་མཚོ་སྔོན་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་བསྡུར་ཚད་83.9%ཟིན་པའི་ནང་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་གྱིས་ཆན་ཝ་ཁྲི་1190ཟིན་ནས་བསྡུར་ཚད་47.6%བཟུང་བ་དང་། འོད་ཤུགས་གློག་གཏོང་ཆན་ཝ་ཁྲི་786ཟིན་ནས་བསྡུར་ཚད་31.4%བཟུང་བ། རླུང་ཤུགས་གློག་གཏོང་ཆན་ཝ་ཁྲི་121ཟིན་ནས་བསྡུར་ཚད་4.9%བཟུང་བ་བཅས་ཡིན་པ་རེད།
         འདི་ལོའི་ཟླ་6ཚེས་17ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་ཚེས་23ཉིན་གྱི་དགོང་མོའི་ཆུ་ཚོད་24བར་གྱི་ཉིན་བདུན་གྱི་ཆུ་ཚོད་168རིང་མཚོ་སྔོན་ཞིང་ཆེན་གྱི་གློག་ཚང་མ་ཞིང་ཆེན་ནང་ཁུལ་གྱི་ཆུ་གློག་དང་ནུས་རྒྱུ་གསར་པས་མཁོ་འདོན་བྱས་པ་དང་བྱ་ཐབས་དེ་ནི་རང་རྒྱལ་དུ་ལག་ལེན་བསྟར་ཐེངས་དང་པོ་ཡིན་པས་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཆེན་པོའི་བཀོད་སྒྲིག་ལེགས་གཏོང་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པ་རེད།
         ནུས་རྒྱུ་གཙང་མའི་གློག་གཏོང་རིང་། མཚོ་སྔོན་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་བསྒྲལ་ཏེ་ཉོ་ཚོང་བྱེད་ཐེངས་མང་དུ་གཏོང་བ་དང་རྒྱུན་གཏན་ནུས་རྒྱུའི་སྙོམས་སྒྲིག་ནུས་པ་དང་ནུས་རྒྱུ་གསར་པའི་མདོང་ལམ་སྐྱེལ་འདྲེན་ནུས་པ་སྔོག་འདོན་བྱས་པ་བརྒྱུད། ཞིང་ཆེན་དང་རང་སྐྱོང་ལྗོངས་བསྒྲལ་བའི་ནུས་རྒྱུ་གསར་པའི་ཉོ་ཚོང་ཁྱོན་ཐེངས་41བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་གློག་ཚད་དོ་སྙོམས་ཡོང་བ་དང་ཆབས་ཅིག་ནུས་རྒྱུ་གསར་པའི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱས་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཧུང་ཕིང་གིས་ནུས་རྒྱུ་གསར་པའི་གློག་གཏོང་ལ་འཕར་ཆག་རང་བཞིན་དང་། དུས་མཚམས་རང་བཞིན། བབ་བསྟུན་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། མཚོ་སྔོན་གྱི་ཆན་ཝ་ཁྲི་བརྒྱ་རིམ་པ་ཟིན་པའི་འོད་ཤུགས་གློག་གཏོང་ཁྱུ་ཚོགས་གཉིས་ལ་དོ་དམ་ཞིབ་ཚགས་བྱ་རྒྱུ་དེ་ལས་སླ་པོ་ཞིག་གཏན་ནས་མ་རེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་རང་བརྟེན་ཞིབ་སྤེལ་བྱས་པའི་རྒྱལ་སྤྱིའི་ཐོག་གི་ནུས་རྒྱུ་གསར་པའི་གློག་དྲ་ཟླ་སྒྲིལ་གྱི་དུས་གཏན་བབ་བསྟུན་ཚོད་འཛིན་མ་ལག་ཐོག་མ་དེས་ནུས་རྒྱུ་གསར་པའི་བསྡུ་ཉར་གཙང་སེལ་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།