འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི“གདེང་ཚོད་བཞི”ལ་ཁུངས་དང་ལུང་ཡོད་པ། 

    —— ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཡི་ཝུའེ་ནོ་ཀེ་ལ་ཏུའོ་ཕུའུ་ལ་བཅར་འདྲི་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “ཀྲུང་གོའི‘གདེང་ཚོད་བཞི’ལ་ཁུངས་དང་ལུང་འདུག”ཅེས་ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཆབ་སྲིད་ཞིབ་འཇུག་དང་སྔོན་དཔག་ལྟེ་གནས་ཀྱི་ཀྲུའུ་རེན་ཨེན་ཏེ་ལེ·ཝུའེ་ནོ་ཀེ་ལ་ཏུའོ་ཕུའུ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བཤད།
         ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་རྒན་གྲས་ཤིག་ཡིན་པའི་ཝུའེ་ནོ་ཀེ་ལ་ཏུའོ་ཕུའུ་ཡིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་ད་ཡོད་ཀྱི་སྤྱི་ཚོགས་ལམ་ལུགས་ཤེས་རྟོགས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་ལ་དེའི་ལོ་རྒྱུས་ཀྱི་གཞི་འཛིན་ས་ཡོད་པ་ཞིག་རེད་ཅེས་བཤད།
          ཁོང་གིས་བལྟས་ན། ཀྲུང་གོས་ཚོད་བགམ་བརྒྱུད་རྗེས་རང་ཉིད་ཀྱིས་ལམ་ལུགས་གང་འདྲ་ཞིག་འཛུགས་དགོས་ལུགས་དང་། དེ་བཞིན་སྤྱི་ཚོགས་ཀྱི་ལམ་ལུགས་དེར་ཁྱད་ཆོས་གང་དང་གང་ཡོད་ལུགས་ཁ་གསལ་བསྟན་ཡོད། “སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྲུང་གོ་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད”
          ཝུའེ་ནོ་ཀེ་ལ་ཏུའོ་ཕུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཀྲུང་གོས་འཕེལ་རྒྱས་ཀྱི་ཇུས་གཞི་ཁག་གི་ཁྲོད་སོ་སོའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་གདམ་ག་བྱས་ཡོད། ཀྲུང་གོས་སོ་སོའི་ལེགས་གྲུབ་བྱུང་བའི་ལག་ལེན་ཐོག་ནས་མ་རྩ་རིང་ལུགས་ནི་འཕེལ་རྒྱས་ཀྱི་ཇུས་གཞི་འབའ་ཞིག་དེ་མིན་པ་ར་སྤྲོད་བྱས་ཡོད་ཅེས་བཤད།
          ལོ་བཅུ་གྲངས་ཁ་ཤས་གོང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་ཡོ་རོབ་མནའ་འབྲེལ་གྱི་གནད་དོན་སྐོར་གླེང་ནས་མཇུག་སྡོམ་རྒྱག་སྐབས་ཚང་མས“ཡོ་རོབ་ད་རེས་ཀྱི་ཉམས་ཉེན་བརྒྱུད་རྗེས་དེ་བས་སྟོབས་ཆེ་དང་དེ་བས་མཐུན་སྒྲིལ་ལྡན་ངེས་རེད”ཅེས་སྐད་ཆ་ཚིག་གཅིག་སྣོན་གྱི་ཡོད། འོན་ཀྱང་ཀྲུང་གོའི་ལེགས་གྲུབ་སྐོར་གླེང་སྐབས་ཚང་མས“ཀྲུང་གོར་ད་དུང་ཐག་གཅོད་བྱེད་དཀའ་བའི་གནད་དོན་མང་པོ་ཞིག་ཡོད”ཅེས་ཤོད་ཀྱི་ཡོད།
           “ཉེ་བའི་ལོ་ཤས་རིང་། དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གནད་དོན་མི་འདྲ་བ་རྒྱལ་ཁབ་ཁག་ཚང་མར་ལྷག་ཡོད། འོན་ཀྱང་ད་ཆ་རྒྱལ་ཁབ་སུ་ཞིག་གིས་གནད་དོན་གྲུབ་འབྲས་ཐོབ་པའི་སྒོ་ནས་ཐག་གཅོད་བྱས་ཡོད་ལུགས་ཚང་མས་གསལ་པོར་མཐོང་གི་ཡོད”ཅེས་དང་། “ཀྲུང་གོའི་ལེགས་གྲུབ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་དེའི་རྒྱུ་མཚན་ཡོད་པ་དང་། དེས་འཛམ་གླིང་ལ་མཉམ་ལས་གཉིས་ཕན་རྨང་གཞིར་བྱེད་པའི་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་ནི་རྒྱལ་ཁབ་མང་པོ་ཞིག་གི་ངོས་ནས་བརྗོད་ན་སེམས་འགུལ་ཆེན་པོ་ཐེབས་པའི་མིག་དཔེ་ཞིག་རེད”ཅེས་ཝུའེ་ནོ་ཀེ་ལ་ཏུའོ་ཕུའུ་ཡིས་བཤད།
          ཁོང་གིས་བལྟས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ད་ཆ་དུས་རབས་གསར་པར་སླེབས་པ་དང་། དེ་ནི་རྒྱལ་ཁབ་ཀྱི་རྗེས་ལུས་གནད་དོན་ཐག་གཅོད་བྱེད་པ་ཞིག་མིན་ལ། དེའི་ལས་འགན་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྗེས་སུ་སྙེགས་ནས་སྔར་བས་ཡིད་དབང་འཕྲོག་ཤུགས་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། “ཀྲུང་གོའི་སྤྱི་ཚོགས་ལམ་ལུགས་ལ་མདུན་ལམ་ཆེན་པོ་ཞིག་ལྡན་རྒྱུར་གདོན་མི་ཟའོ”
          ཝུའེ་ནོ་ཀེ་ལ་ཏུའོ་ཕུའུ་ཡིས་ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེའི་མངོན་གསལ་དོད་པའི་ཁྱད་ཆོས་ནི་རྒྱུན་འཛིན་རང་བཞིན་ལྡན་པ་དེ་རེད། དེས་མི་རྣམས་ལ་གདེང་ཚོད་ཅིག་སྦྱིན་ཡོད། “ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་ཚང་མར་ལས་དབང་ལ་ཁ་ཕྱོགས་འགྱུར་མཚམས་ཤིག་འཕྲད་སྐབས་ཀྲུང་གོས་རྟག་ཏུ་སྟོབས་ཤུགས་ཤིག་འཚོལ་ཐུབ་པ་བྱས་ནས་ཉེན་ཁ་སེལ་བ་དང་རྒྱལ་ཁབ་གཅིག་གྱུར་རྒྱུན་འཁྱོངས་བྱེད་ཀྱི་ཡོད། གདེང་ཚོད་དེ་ལྟ་བུའི་རྨང་གཞི་ནི་ཀྲུང་གོའི་རིག་གནས་ཡིན་ཐག་ཆོད་རེད”ཅེས་བཤད།
         ཁོང་གིས་ལོ་རྒྱུས་ཐོག་གི་ཀྲུང་གོ་ནི་སྔོན་ཆད་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་རེད། ད་ཆའི་ཀྲུང་གོས་སླར་ཡང་གསོན་ཤུགས་ཀྱིས་ཁེངས་པའི་འཕེལ་རྒྱས་གཏོང་སྟངས་ཤིག་ལེགས་སྐྱེས་སུ་ཕུལ་ཡོད། ལོ་རྒྱུས་ཀྱི་རྨང་གཞི་དང་དེ་བཞིན་ཕྱི་ཕྱོགས་འཛམ་གླིང་གིས་ད་ཆའི་ཀྲུང་གོའི་ལེགས་གྲུབ་ངང་ཁས་ལེན་ལ་ར་སྤྲོད་བྱས་པ་དང་། “གདེང་ཚོད་བཞི”ལ་ཁུངས་ལུང་འདྲེན་རྒྱུ་འདུག་ཅེས་བཤད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྥན་ཝུའེ་གོ་དང་། ཧུའུ་ཞའོ་ཀོང་། ཀའོ་ལན་བཅས་ཀྱིས།
      

    ཕྱོགས་བསྡུས་གསར་འགྱུར།