འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨའེ་ཏིང་པའོ་སློབ་ཆེན་གྱི་སློབ་སྤྱིས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་མཉམ་
    ལས་ཀྱི་གོ་སྐབས་ཆེན་པོ་ལྡན་ཡོད་ཅེས་བཤད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨའེ་ཏིང་པའོ་སློབ་ཆེན་གྱི་སློབ་སྤྱི་ཏེ་མོ་ཞི·ཨོ་ཞེ་ཡིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་ལས་ཀྱི་གོ་སྐབས་ལྡན་ཡོད་པ་དང་ལེགས་ཆ་གསབ་རེས་བྱེད་པ་བརྒྱུད་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་ཐུབ་ཅེས་བཤད་པ་རེད།
         ཨོ་ཞེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གོ་སྐབས་ཆེན་པོ་ལྡན་ཡོད་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་ཡོད་སྟབས་གལ་འགངས་ཆེ་ལ་དོན་དངོས་རང་བཞིན་གྱི་གོ་ལ་ཧྲིལ་པོའི་མ་འཇོག་དང་འཕེལ་རྒྱས་ཀྱི་རྣམ་གྲངས་གཏོད་ཐུབ། ཀྲུང་གོ་དང་དབྱིན་ཇིའི“རྫོགས་ལྡན་དུས་རབས”ཀྱི་འཕེལ་རྒྱས་དང་བསྟུན་ནས་དབྱིན་ཇིས་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ཏེ་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
         ཁོང་གིས་ཁྱབ་ཁོངས་མང་པོ་ཞིག་ཏུ་དབྱིན་ཇིར་ལེགས་ཆ་ཆེན་པོ་ལྡན་པ་དཔེར་ན་ལས་གྲྭའི་ལག་རྩལ་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་ཁོར་ཡུག་སྐོར་གྱི་ཚན་རིག་ཐད་ཀྱི་ཞིབ་འཇུག་ལ་སྔོན་ཐོན་གྱི་ཆུ་ཚད་ལྡན་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་ཞིག་སྦྱིན་རྒྱུ་ཡིན་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཁྱབ་ཁོངས་དང་ལྷག་པར་དུ་ཁོར་ཡུག་སྲུང་སྐྱོང་རྣམ་པའི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་སུ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས་ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་ཀྱིས་སྤེལ་རེས་ཡག་པོ་བྱས་ཏེ་འབྲེལ་བ་དེ་བས་མང་བ་འཛུགས་ཆོག་ཅེས་བཤད་པ་རེད།
         ཨའེ་ཏིང་པའོ་སློབ་ཆེན་དེ་དབྱིན་ཇིའི་ལོ་རྒྱུས་རིང་ཤོས་ཀྱི་གྲགས་ཅན་སློབ་གྲྭའི་གྲས་ཤིག་ཡིན་པ་དང་ཕུལ་དུ་བྱུང་བའི་བསམ་བློ་མཁས་ཅན་འབོར་ཆེན་ཞིག་ཡོད་པ་དཔེར་ན་སྤྱི་ཚོགས་རིག་པའི་སྲོལ་གཏོད་པ་ཡཱ་ཏང·ཧྥོ་ཀེ་སེན་དང་། 《རྒྱལ་དམངས་ཀྱི་རྒྱུ་ནོར་ངོ་བོ་དང་རྒྱུ་རྐྱེན་ཞིབ་འཇུག་》གི་རྩོམ་པ་པོ་ཡཱ་ཏང·སི་སྨི་སོགས་ཚང་མ་དེ་སྔ་སློབ་གྲྭ་དེ་འགྲིམས་པའམ་ཡང་ན་དགེ་རྒན་བྱེད་མྱོང་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་དབར་སློབ་གསོའི་ཐད་སྤེལ་རེས་རྒྱུན་ཆད་མེད་པར་གཏིབ་ཟབ་ཏུ་འགྲོ་བ་དང་སྦྲགས་ཨའེ་ཏིང་པའོ་སློབ་ཆེན་གྱིས་ཀྱང་ཀྲུང་གོ་དང་མཉམ་ལས་རྒྱ་ཁྱབ་བྱས་པའི་ནང་པེ་ཅིང་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ཞ་མོན་སློབ་ཆེན་སོགས་ཚང་མས་སློབ་གྲྭ་དེ་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།