འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་བསྟན་དོན་རྒྱལ་སྟོན་དང་ཟླ་མཆོད་ཀྱི་གུང་གསེང་རིང་འགྲོ་ལམ་འགྲིམ་འགྲུལ་
    བརྟན་ལ་གོ་རིམ་ལྡན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན། འདི་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་དུས་གཅིག་ཏུ་འཁེལ་བར་བརྟེན་ངལ་གསོའི་དུས་ཡུན་རིང་བ་དང་། ཕྱིར་འགྲོ་མཁན་མང་བ། འགྲུལ་བཞུད་མང་བ་བཅས་ཡོད་པས་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་སུ་རླངས་འཁོར་འགྲུལ་བཞུད་བྱེད་ཚད་15%ཡན་འཕར་བ་དང་། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ། ཧོ་པེ། ཀོང་ཏུང་བཅས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་འགྲུལ་བཞུད་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེ་དང་དུས་མཚུངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དུས་ཆེན་རིང་མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། གུང་གསེང་རིང་ཉིན་རེར་ཆ་སྙོམས་ཉེན་རྟོག་པ་མི་ཐེངས་ཁྲི་21.5དང་ཉེན་རྟོག་རླངས་འཁོར་ཐེངས་ཁྲི་6.3བཀོད་སྒྲིག་བྱས་པས། འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དང་མི་ཤི་ཚད་ཧ་ཅང་ཉུང་དུ་ཕྱིན་ཏེ་མི་10ཡན་ཤི་བའི་ལས་འཛོལ་ཚབས་ཆེན་ཐེངས་གཅིག་ཀྱང་ཐོན་མེད་པར་འགྲོ་ལམ་འགྲིམ་འགྲུལ་བརྟན་ལ་གོ་རིམ་ལྡན་པོ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཆེན་རིང་སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་སྒྲིག་འཛུགས་བྱས་ནས་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གཙོ་བོ། མཛེས་ལྗོངས་ཁུལ་གྱི་གཞུང་ལམ་བཅས་གཙོ་བོར་བྱས་ཏེ་གཙོ་གནད་ལམ་ཐིག་དང་། གཙོ་གནད་རླངས་འཁོར། གཙོ་གནད་ཁྲིམས་འགལ་བཅས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཟླ་10ཚེས་1ནས་8ཉིན་བར་རྒྱལ་ཡོངས་སུ་ཚབས་ཆེ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁྲི་68.8ཞིབ་བཤེར་ཐག་གཅོད་ཐུབ་ཡོད་པ་ལས་འཕྲལ་སྡོམ་འཁོར་ལམ་བཟུང་ནས་འཁོར་རིགས་བཏང་བའི་རིགས་ཁྲི་1.39ཟིན་པ་དེ་དུས་མཚུངས་ལས་110%འཕར་བ་དང་། ངལ་དུབ་འཁོར་གཏོང་རིགས་ཁྲི་10ཟིན་པ་དེ་དུས་མཚུངས་ལས་533%འཕར་བ། ཆང་འཐུང་འཁོར་གཏོང་རིགས་ཁྲི་1.97ཟིན་པ་དེ་དུས་མཚུངས་ལས་61%འཕར་བ། འགྲུལ་སྐྱེལ་རླངས་འཁོར་དུ་འགྲུལ་པ་ཚད་བརྒལ་བླུགས་པའི་རིགས་ཁྲི་1.94ཟིན་པ་དེ་དུས་མཚུངས་ལས་90.8%འཕར་བ་བཅས་ཞིབ་བཤེར་ཐག་གཅོད་ཐུབ་ཡོད། དུས་ཆེན་རིང་མྱུར་ཚད་ལས་བརྒལ་བའི་འཁོར་གཏོང་དང་། ཆང་འཐུང་འཁོར་གཏོང་། ངལ་དུབ་འཁོར་གཏོང་སོགས་ཁྲིམས་འགལ་གྱི་ལས་འཛོལ་ཐོན་ཚད་དང་མི་ཤི་རྨས་ཀྱི་གྲངས་ཚད་དེ་དུས་མཚུངས་ལས་78%དང་72.3%སོ་སོར་ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།