འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཆེན་རིང་གི་ལྷ་སའི་ལག་བརྒྱུད་རླངས་འཁོར་གྱི་ཁྲོམ་ར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས། ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་གི་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་རྒྱལ་སྟོན་འཁོར་འགྲེམས་སྐབས་དང་པོ་གཉེར་ནས་ལག་བརྒྱུད་རླངས་འཁོར་དང་རླངས་འཁོར་གསར་པ་སྟོང་ལྷག་གྲལ་འགྲིག་པོའི་ངང་ལྷ་སའི་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ཁྲོམ་རར་བཤམས་པ་རེད།
         ལོ་ན་35ལ་སླེབས་པའི་བསོད་ནམས་འབྱོར་ལྡན་སྔ་ས་ནས་འདི་གར་ཡོང་སྟེ་ཧྥེང་ཐེན་རླངས་འཁོར་ཞིག་ལ་ཡུན་རིང་བལྟས་པ་མ་ཟད་ཚོད་ལྟའི་ངང་ཐེངས་འགའ་་བཏང་། དེར་རྒྱུས་མངའ་ཞིབ་ཚགས་བྱས་རྗེས་ཁམས་པའི་ཕོ་རྒོད་དེས་སྒོར་ཁྲི་38སྤྲད་ནས་ཉོས་ཤིང་། ལྡེ་མིག་བླངས་རྗེས་བསོད་ནམས་འབྱོར་ལྡན་གྱིས་རང་ཉིད་ཀྱི་རླངས་འཁོར་ལ་ཁ་བཏགས་གཡོགས་པ་རེད།
         ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝུའེ་ཨེན་པོས་ལོ་ལྟར་ཟླ་7པ་ནས་ལོ་མཇུག་ནི་བོད་ཀྱི་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་མང་བའི་སྐབས་ཡིན་པ་དང་། ད་ལོའི་ཉིན་བརྒྱད་ཀྱི་གུང་གསེང་རིང་ལག་བརྒྱུད་རླངས་འཁོར་གྱི་ཉོ་ཚོང་འཁྲུག་ཆ་དོད་པོ་འདུག་ཅེས་ངོ་སྤྲོད་བྱས་བྱུང་།
         བོད་ཀྱི་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ལས་སྟེགས་ཆེ་ཤོས་ཡིན་པའི་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ཁྲོམ་ར་ཆུང་བ་ནས་ཆེ་བར་གྱུར་ཡོད། དེ་སྔོན་གྱི“ཆུང་ངུ་དང་། ཐར་ཐོར། ཟང་ཟིང”གི་ཉོ་ཚོང་ནས“ལས་རིགས་དེ་གྲོང་ཁྱེར་དུ་ཞུགས་པ་དང་ཚན་རིག་དང་མཐུན་པའི་དོ་དམ”བར་གྱི་དོ་དམ་ལམ་སྲོལ་བྱུང་བ་དང་། རིམ་སྤོར་གཉེར་སྐྱོང་ཟླ་9བྱས་ཚུན་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ལག་བརྒྱུད་རླངས་འཁོར་ཁྲོམ་རས་རིམ་རྩིས་བྱས་ན་འཁོར་རིགས་ཁྲི་གཅིག་ལྷག་ཉོ་ཚོང་བྱས་ཏེ་ཉོ་ཚོང་གྲངས་འབོར་ཆེས་ཆེར་འཕར་ཡོད་པ་རེད།
         “ལོ་10ཡི་གོང་དུ་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ནི་ལམ་ཟུར་གྱི་ཚོང་ཙམ་ཡིན་པས་ཚད་ལྡན་མིན་ལ་རྙོག་དྲ་མང་པོ་ཡོད། ད་ཆར་ལག་བརྒྱུད་རླངས་འཁོར་གྱི་ཉོ་ཚོང་ཚད་ལྡན་དུ་གྱུར་ཡོད་པ་དང་སླད་ཕྱིན་བཙོངས་རྗེས་ཀྱི་ཞབས་ཞུའི་ཐད་ལེགས་བཅོས་བྱ་རྒྱུ་ཡིན”ཞེས་ལག་བརྒྱུད་རླངས་འཁོར་གྱི་ཉོ་ཚོང་ཁྲོམ་རའི་བཅའ་སྡོད་ཚོང་དུད་ཏིང་ཀྲུང་ཧྭས་བརྗོད།
         ལག་བརྒྱུད་རླངས་འཁོར་ཉོ་ཚོང་ལ་འགྱུར་ལྡོག་ཅི་བྱུང་བའི་ཐད་ལྷ་སའི་སྙེ་མོ་རྫོང་གི་མི་སེར་བསོད་ནམས་བཀྲ་ཤིས་ལ་གསལ་པོར་ཤོད་རྒྱུ་ཡོད། ཁོང་གིས་སྔོན་ཆད་བློས་འཁེལ་བའི་ལག་བརྒྱུད་རླངས་འཁོར་ཞིག་ཉོ་རྒྱུ་ཧ་ཅང་ཁག་པོ་ཡོད་མོད། ད་ཆར་ཉོ་ཚོང་ལས་སྟེགས་ཚད་དང་ལྡན་པས་འཁོར་རྙིང་ལ་གསལ་འབྱེད་དང་། དཔྱད་དཔོག འཁོར་བུན། འགན་བཅོལ་སོགས“གཞི་གཅིག”གི་ཞབས་འདེགས་ཞུ་ཡི་འདུག་ཅེས་བཤད།
         ཉིན་དེའི་ཉོ་ཚོང་བྱ་ཡུལ་དུ་བསོད་ནམས་བཀྲ་ཤིས་ཀྱིས་རང་རྒྱལ་ནས་བཟོས་པའི་རླངས་འཁོར་ཞིག་བློ་ལ་བབས་ཤིང་། ཉོ་ཚོང་ལས་སྟེགས་ཀྱི་ཞིབ་བཤེར་རབ་དང་རིམ་པ་བྱས་རྗེས་ཁོང་གིས་དངུལ་སྤྲད་ནས་ལྡེ་མིག་བླངས་ཤིང་ནང་མི་དང་མཉམ་དུ་ཡིད་ཚིམ་པའི་ངང་ཕྱིར་ལོག་སོང་།
         ཝུའེ་ཨེན་པོས་བོད་ལྗོངས་ལག་བརྒྱུད་རླངས་འཁོར་ཁྲོམ་ར་ཉོ་ཚོང་བྱེད་པ་ཅུང་འཕྱི་པོ་ཡིན་ནའང་མི་མངོན་པའི་ནུས་པ་ཆེན་པོ་ཡོད། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ཁྲོམ་རས་གོམ་སྟབས་རྗེས་མར་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་མ་ཟད་ལག་ཁྱེར་ཁ་པར་གྱིAPPགསར་འདོན་བྱས་ནས་དྲ་ཐོག་དང་དྲ་གཤམ་གང་རུང་ནས་ཆ་འཕྲིན་ལ་བརྟེན་ཏེ་ཁྱིམ་ནས་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།