འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཨ་ཀེན་ཐིན་དུ་མ་དངུལ་བཏང་ནས་ཀྲའོ་ཝ་300ཡི་ཉི་འོད་ནུས་པའི་གློག་
    ཁང་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་རང་རྒྱལ་གྱིས་ཨ་ཀེན་ཐིན་དུ་མ་དངུལ་བསྡུ་སྒྲིལ་བྱས་ནས་བསྐྲུན་པའི་ཀྲའོ་ཝ་300ཡི་ཉི་འོད་ནུས་པའི་གློག་ཁང་ཨ་ཀེན་ཐིན་བྱང་རྒྱུད་ཀྱི་ཧུའུ་ཧུའུ་དབྱི་ཞིང་ཆེན་ཀའོ་ཁྲ་རུའེ་དུ་ལས་འགོ་ཚུགས་ཤིང་། ཨ་ཀེན་ཐིན་གྱི་ནང་བློན་ཁང་གི་དབུ་བཞུགས་པུའུ་ཀྲང་དང་། ནུས་རྒྱུ་པུའུ་ཀྲང་། ཧུའུ་ཧུའུ་དབྱི་ཞིང་ཆེན་གྱི་ཧྲེང་ཀྲང་། ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་དབན་མིང་སོགས་ཞུགས་པ་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་མཛད་སྒོ་འཚོགས་ཡུལ་དབར་བརྙན་ལམ་སྦྲེལ་མཐུད་བྱས་པ་རེད།
         འདི་ལོའི་ཟླ་5པར་པེ་ཅིང་དུ་སྤེལ་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་རིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མའོ་ལི་ཞིས་ཨའོ·མ་ཁེ་ལི་དང་མཉམ་དུ་ཀའོ་ཁྲ་རུའེ་འོད་ཤུགས་གློག་ཁང་གི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་སྟངས་ཐད་ཐུན་མོང་ཐོག་དཔང་པོ་བྱས་པ་རེད། ཟླ་5ཡང་མ་སོང་བར་རྣམ་གྲངས་དེ་ཨ་ཀེན་ཐིན་བྱང་རྒྱུད་ཀྱི་བྱེ་ཐང་ས་ཁུལ་དུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། རྣམ་གྲངས་དེ་ཀྲུང་གོ་གློག་སྐྲུན་ཚོགས་པ་དང་ཧྲང་ཧའེ་གློག་ཤུགས་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ་ཧྲང་ཧའེ་གློག་སྐྲུན་ཞེས་བསྡུ་རྒྱུ)མཉམ་དུ་གཉེར་འགན་བླངས་པ་དང་2016ལོའི་ཟླ་8པར་རྣམ་གྲངས་དེའི་འཛུགས་སྐྲུན་དབང་ཆ་ཐོབ་ཡོད། ཨར་སྐྲུན་བདེ་བླག་ངང་སྤེལ་ཐུབ་ཚེ་སྔོན་དཔག་ལྟར་ན་2018ལོའི་ཟླ་5པར་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
         ཧུའུ་ཧུའུ་དབྱི་ཞིང་ཆེན་གྱི་ཧྲེང་ཀྲང་མོ་ལ་ལའེ་སིས་འདི་ག་ཚགས་པར་གྱི་གསར་འགོད་པར། ཀའོ་ཁྲ་རུའེ་འོད་ཤུགས་གློག་ཁང་གིས་ཞིང་ཆེན་དེར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད། གློག་ཁང་དེ་ལོའི་གློག་གཏོང་ཡོང་འབབ་ཨ་སྒོར་ཁྲི་5000ཟིན་ནས་ས་གནས་དེ་གའི་སྡེ་ཁུལ་ལ་གློག་ནུས་ཀྱི་ཕན་པ་3%ཐོབ་སྟེ་ས་ཁུལ་དེར་སྡོད་མཁན་གྱི་གྲོང་མིའི་འཚོ་བའི་ཆུ་ཚད་ལེགས་སུ་འགྲོ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།