འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་རྣམ་གྲངས་ཁྱོན་ཡོངས་ནས་
    སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ(ཅང་ཤིས)གྱི་ལག་བསྟར་ཇུས་གཞི་》དང་《རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ(ཀུའེ་ཀྲོའུ)གྱི་ལག་བསྟར་ཇུས་གཞི་》བཀྲམ་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཧྥུའུ་ཅན་དང་། ཅང་ཤིས། ཀུའེ་ཀྲོའུ་བཅས་རང་རྒྱལ་གྱི་ཁག་དང་པོའི་སྣོད་བཅུད་ཤེས་དཔལ་ཚོད་ལྟ་ཁུལ་3གྱི་ལག་བསྟར་ཇུས་གཞི་ཚང་མར་ཆོག་མཆན་ཐོབ་པ་ལས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་དང་མགྱོགས་མྱུར་སྐུལ་སྤེལ་གཏོང་བའི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད་ཅེས་བརྗོད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཧྥུའུ་ཅན་དང་། ཅང་ཤིས། ཀུའེ་ཀྲོའུ་བཅས་ཚོད་ལྟ་ཁུལ་གསུམ་གྱིས་ལམ་ལུགས་38ལ་དམིགས་ནས་གསར་གཏོད་ཚོད་ལྟ་བྱ་རྒྱུ་ཡིན་པ་ལས་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ངེས་གནས་དང་ནུས་པ་མཚོན་གྱི་ཡོད། གཞན་ཡང་། ཚོད་ལྟ་ཁུལ་གསུམ་གྱིས་སོ་སོའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་རང་རང་གིས་ལག་བསྟར་བྱ་རྒྱུའི་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཁྱོན་28བཏོན་པ་དཔེར་ན། ཧྥུའུ་ཅན་ཞིང་ཆེན་གྱིས་ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་སྣོད་བཅུད་མ་ལག་གི་རིན་ཐང་ཞིབ་རྩིས་ཚོད་ལྟ་བྱ་རྒྱུ་དང་། ཅང་ཤིས་ཞིང་ཆེན་གྱིས་ལྗང་མདོག་སྣོད་བཅུད་ཞིང་ལས་ཀྱི་སྐུལ་སྤེལ་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་དང་སྣོད་བཅུད་ཁ་གསབ་དབུལ་སྐྱོར་ལམ་སྲོལ་འཛུགས་རྒྱུ། ཀུའེ་ཀྲོའུ་ཞིང་ཆེན་གྱིས་སྣོད་བཅུད་ཤེས་དཔལ་གྱི་གྲངས་གཞི་ཆེན་པོ་གསར་སྤེལ་བེད་སྤྱོད་བྱ་རྒྱུ་དང་སྣོད་བཅུད་ཤེས་དཔལ་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་སོགས་ལྟ་བུ་རེད། འདི་དག་གིས་ས་གནས་ཀྱི་རང་འགུལ་རང་བཞིན་དང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་སྐོང་འཐེན་དང་འདོན་སྤེལ་ཤུགས་ཆེན་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།