འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མོང་གོལ་རྒྱལ་ཁབ་ལ་འགག་སྒོའི་ཞིབ་བཤེར་སྒྲིག་ཆས་རིན་མི་དགོས་པར་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན། ཀྲུང་གོ་སྲིད་གཞུང་གིས་མོང་གོལ་རྒྱལ་ཁབ་ཀྱི་འགག་སྒོར་དོས་སྒམ་ཞིབ་བཤེར་སྒྲིག་ཆས་དང་རླངས་འཁོར་ཞིབ་བཤེར་སྒྲིག་ཆས་རིན་མི་དགོས་པར་སྤྲད་པ་རེད།
         གོང་ཚེས་ཉིན། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་གཉེར་བའི་སྒྲིག་ཆས་རྩིས་སྤྲོད་ཀྱི་མཛད་སྒོའི་ཐོག་མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞིང་ཧའེ་མིང་གིས་མོང་གོལ་ཕྱོགས་ཀྱི་རེ་བ་གཞིར་བཟུང་ཀྲུང་གོ་སྲིད་གཞུང་གིས་མོང་གོལ་རྒྱལ་ཁབ་ལ་འགག་སྒོ་ལས་སྒྲོལ་སྐབས་ཀྱི་ཞིབ་བཤེར་སྒྲིག་ཆས་ཆ་ཚང་མང་པོ་ཞིག་རིན་མི་དགོས་པར་སྤྲད་པ་དེ་དག་ཀྲུང་གོ་དང་། མོང་གོལ་རྒྱལ་ཁབ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་ཐོག་གནས་པའི་ཨུ་ལན་དཔའ་ཐུལ་དང་ཀྲ་མོན་ཝུའུ་ཏེ་སོགས་ཀྱི་འགག་སྒོར་སྤྱོད་རྒྱུ་དང་། འབྲེལ་ཡོད་སྒྲིག་ཆས་དེ་དག་ཆེས་སྔོན་ཐོན་ཡིན་པའི་ཀྲུང་གོའི་རང་བརྟེན་ཤེས་བྱའི་ཐོན་དབང་གི་ཐོན་རྫས་ཤ་སྟག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཕྱོགས་ཀྱི་འགག་སྒོ་ལས་སྒྲོལ་བའི་ནུས་པ་དང་ཚོང་དོན་སྟབས་བདེ་ཡོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་ནས་ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཚེས་9ཉིན་གྱི་རྩིས་སྤྲོད་མཛད་སྒོར་ཞུགས་མཁན་མོང་གོལ་རྒྱལ་ཁབ་ཀྱི་འགག་སྒོ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཨ་སི་ར་ལེ་ཐེས་ཀྲུང་གོ་སྲིད་གཞུང་གིས་མོང་གོལ་རྒྱལ་ཁབ་ཀྱི་འགག་སྒོའི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་སྤྲད་པའི་སྒྲིག་ཆས་དེ་དག་གིས་མོང་གོལ་རྒྱལ་ཁབ་ཕྱོགས་ཀྱི་འགག་སྒོའི་དངོས་ཟོག་འགག་སྒོ་ལས་སྒྲོལ་བའི་ནུས་པ་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་དང་། མོང་གོལ་རྒྱལ་ཁབ་ཕྱོགས་ཀྱི་འགག་སྒོས་མོང་གོལ་རྒྱལ་ཁབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ནས་མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་དང་ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུར་གཡས་གཞོགས་གཡོན་འདེགས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།