འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བྲག་ཕྱིབས་གྲོང་ཚོ་འབྱོར་པ་འབྲིང་ཙམ་དུ་བསྐྱོད་པའི་ལག་ལེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    བྲག་ཕྱིབས་གྲོང་ཚོའི་སྒོ་ཆེན།
    བྲག་ཕྱིབས་གྲོང་ཚོའི་སྒོ་ཆེན། 
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཤར་ལྷོ་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་འགྲམ་གྱི་གྲོང་རོང་ཁུལ་དུ་གྲོང་ཚོ་ཆུང་ཆུང་འདི་འདྲ་ཞིག་ཡོད་ཅིང་། གྲོང་ཚོ་ཡོངས་སུ་དུད་ཁྱིམ་100ཡང་ཟིན་མེད་ཀྱང་། ན་ནིང་ལོར་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1900ལས་བརྒལ་བ་རེད། གསར་འགོད་པ་བཅར་འདྲི་བྱེད་པར་བསྐྱོད་པའི་ཟླ་བ་9པའི་ཟླ་འགོར"མཐོ་སྒང་གི་དབྱངས་རླུང་ཁང"དུ་གྲགས་པའི་གྲོང་ཚོ་ཆུང་ཆུང་འདིར་ད་དུང་དབྱར་ཁའི་དྲོད་ཚད་ལྡན་ཞིང་། བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་དང་སྒོ་ར་ཕན་ཚུན་སྣོལ་ཞིང་ཆ་འགྲིག་པོ་གནས་པ་དང་། ཤིང་འབྲས་ཀྱི་དྲི་བསུང་འཐུལ་བཞིན་ཡོད་པའི་བྲག་ཕྱིབས་གྲོང་ཚོ་ནི་ཐག་རིང་དུ་གནས་པ་ལྟ་བུ་སྣང་།
         1998ལོར། སྐབས་དེར་ཧྥུའུ་ཅན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པའི་ཞི་ཅིན་ཕིང་བྲག་ཕྱིབས་གྲོང་ཚོར་འཚམས་འདྲིར་ཕེབས་པ་དང་། 2011ལོའི་ཟླ་7ཚེས་21ཉིན། སྐབས་དེར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོའི་འགན་བཞེས་ནས་སླར་ཡང་འཚམས་འདྲི་གནང་བར་ཕེབས་མྱོང་བ་རེད།
    གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཉི་མས་བྲག་ཕྱིབས་གྲོང་ཚོའི་འགྱུར་ལྡོག་བཤད་བཞིན་པ།
    གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཉི་མས་བྲག་ཕྱིབས་གྲོང་ཚོའི་འགྱུར་ལྡོག་བཤད་བཞིན་པ། 
    ཟླ་བ་གཡང་འཛོམས་གཟའ་ཟླ་གཉིས་ཀྱིས་ཁང་པ་གསར་པའི་ནང་དུ་ཁོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་བཤད་བཞིན་པ།
    ཟླ་བ་གཡང་འཛོམས་གཟའ་ཟླ་གཉིས་ཀྱིས་ཁང་པ་གསར་པའི་ནང་དུ་ཁོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་བཤད་བཞིན་པ། 
    ཕྱུག་འགྱུར་ལམ་དུ་ཁྲིད་མཁན་སྐལ་བཟང་དབང་ཕྱུག་གི་ཁྱིམ།
    ཕྱུག་འགྱུར་ལམ་དུ་ཁྲིད་མཁན་སྐལ་བཟང་དབང་ཕྱུག་གི་ཁྱིམ། 
      

    ཕྱོགས་བསྡུས་གསར་འགྱུར།