འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ལྷོ་རིའི་སྤྱི་གླིང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་སའི་ལྷོ་རིའི་སྤྱི་གླིང་།
         མི་དམངས་དྲ་བའི་འཕྲིན། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་ལྷོ་ཕྱོགས་སུ་སྔོ་ཐིང་ངེར་གྱི་རི་ཞིག་ཆུ་བོའི་ཕར་ཚུར་ཕན་ཚུན་ཁ་གཏད་པ་དང་། རི་སྟེང་དུ་སྡོང་ཕྲན་ལྗོན་ཤིང་སྔོ་ཐིང་ཐིང་སྐྱེས་ཤིང་། ཤིང་ཟམ་འོག་ནས་ཆུ་བོ་དལ་གྱིས་བཞུར་བཞིན་ཡོད་པ་དེ་ནི་ལྷ་སའི་ལྷོ་རིའི་སྤྱི་གླིང་རེད། ཉེ་ཆར། དུས་ཆེན་དང་གུང་གསེང་ཉིན་མོའི་སྐབས་སུ་ཉིན་ལྟར་མི་ཐེངས་གསུམ་སྟོང་བཞི་སྟོང་ལྷག་སྤྱི་གླིང་འདིར་ཡོང་གི་ཡོད་པས། འདི་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཚོས་ངལ་གསོ་དང་གཟུགས་པོ་སྦྱོང་བརྡ་བྱེད་ས་ཡག་ཤོས་སུ་གྱུར་ཡོད་པ་རེད། 2012ལོར། ལྷ་ས་གྲོང་ཁྱེར་གྱིས་ལྷོ་རི་སྡོང་འཛུགས་ནགས་བསྐྲུན་དུ་སྒྱུར་བའི་ལས་གྲྭ་སྤེལ་འགོ་ཚུགས་ཤིང་། སྡོང་འཛུགས་ནགས་བསྐྲུན་བྱས་པ་བརྒྱུད་ལོ་ངོ་སྟོང་ཕྲག་ལ་ཐང་རྒོད་ཡིན་པའི་རི་བོ་དེ་མཛེས་སྡུག་ལྡན་པའི་སྤྱི་གླིང་དུ་གྱུར་པ་རེད།
    ༄༅།།ལྷ་སའི་ལྷོ་རིའི་སྤྱི་གླིང་།
    ༄༅།།ལྷ་སའི་ལྷོ་རིའི་སྤྱི་གླིང་།
    ༄༅།།ལྷ་སའི་ལྷོ་རིའི་སྤྱི་གླིང་།
      

    ཕྱོགས་བསྡུས་གསར་འགྱུར།