འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་ཞིབ་མི་སྣས་གོ་ལ་ཧྲིལ་པོའི་ནགས་ཚལ་གྱི་འཚོ་བཅུད་བགོ་བཤའི་ཆོས་ཉིད་
    བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་རྩི་ཤིང་ལྡུམ་ར་ནས་ཤེས་རྟོགས་བྱས་པར། ཚན་ཞིབ་མི་སྣས་ལོ་བཅུ་ཞིབ་འཇུག་བྱས་པ་བརྒྱུད། གོ་ལ་ཧྲིལ་པོའི་ནགས་ཚལ་གྱི་ཏན་དང་། ལིན། ཅཱ། ཀལ། མཱེ་བཅས་ཀྱི་བགོ་བཤའི་ཆོས་ཉིད་གསལ་སྟོན་བྱས་པ་རེད། ཞིབ་འཇུག་དེ་ཉེ་དུས་རྒྱལ་སྤྱིའི་རིག་གཞུང་དུས་དེབ་《གོ་ལ་ཧྲིལ་པོ་འགྱུར་ལྡོག་གི་སྐྱེ་དངོས་རིག་པ་》ཞེས་པའི་ཐོག་སྤེལ་བ་རེད།
         ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་རྩི་ཤིང་ལྡུམ་རའི་ཀྲང་ཆོན་ཧྥ་ཚོགས་པས་གོ་ལ་ཧྲིལ་པོའི་ནགས་ཚལ་གཙོ་བོའི་རིགས་ཀྱི་ལོ་ཚད་དུས་མཚམས་ཁག་གི་རྒྱ་ཁྱོན་གྱི་འཚོ་བཅུད་གསོག་ཚད་དང་དེ་བཞིན་ལོ་མ་དང་། སྡོང་པོ། རྩ་བ་སོགས་ཡན་ལག་གི་འཚོ་བཅུད་བགོ་བཤའི་སྡུར་ཚད་ཐེངས་དང་པོར་རྟོགས་ཤིང་། “འཚོ་བཅུད་ཀྱི་སྡུར་ཚད”ཅེས་པའི་སྣོད་བཅུད་དཔྱད་གྲངས་བཏོན་པ་དང་འབྲེལ། གཙོ་གནད་གནམ་གཤིས་ཁུལ་གྱི་ལོ་ཚད་མི་འདྲ་བའི་ནགས་ཚལ་གྱི་འཚོ་བཅུད་སྡུར་ཚད་ལ་ཚད་འབེབས་བྱས་པ་རེད། ད་དུང་གོ་ལ་ཧྲིལ་པོའི་ནགས་ཚལ་གྱི་ས་སྟེང་དང་ས་འོག་གི་འཚོ་བཅུད་བགོ་བཤའི་ཆོས་ཉིད་རྟོགས་པ་མ་ཟད། ནགས་ཚལ་འཚོ་བཅུད་བགོ་བཤར་ཤུགས་རྐྱེན་བཟོ་བའི་སྐྱེ་དངོས་དང་སྐྱེ་དངོས་མིན་པའི་རྒྱུ་རྐྱེན་ལ་ཞིབ་དཔྱད་ཀྱང་བྱས་པ་རེད།
         ཞིབ་འཇུག་དེ་ལས་མངོན་གསལ། གོ་ལ་ཧྲིལ་པོའི་ནགས་ཚལ་གྱི་ངོས་ནས་བརྗོད་ན། ཆ་སྙོམས་25%ཡི་ཏན་སུའུ་ལོ་མར་ཡོད་པ་དང་53%གྱི་ཏན་སུའུ་སྡོང་པོ་དང་ཡལ་གར་ཡོད་པ་རེད།
         ཞིབ་འཇུག་མི་སྣས“སྡུར་ཚད་དེ་ལས་ཤེས་གསལ། ཤིང་གཅོད་སྐབས་གལ་ཏེ་ས་སྟེང་གི་སྐྱེ་དངོས་ཚང་མ་འཁྱེར་ཚེ། 78%གྱི་ཏན་སུའུ་ཤོར་སྲིད་པ་དང་། གལ་ཏེ་ལོ་མ་རང་སར་བཞག་ན་53%གྱི་ཏན་སུའུ་ལས་ཤོར་གྱི་མེད་པ་རེད། ནགས་ཚལ་གཙོ་བོའི་ཁྲོད་ཀྱི་ཏན་དང་། ལིན། ཅཱ། ཀལ། མཱེ་བཅས་འཚོ་བཅུད་གཙོ་བོའི་གསོག་ཚད་དང་དེ་བཞིན་དེའི་ཡན་ལག་གི་བགོ་བཤའི་སྡུར་ཚད་ལ་ཚད་འབེབས་བྱེད་སྐབས། ནགས་ཚལ་གཡོག་བྱེད་ལ་ཧ་ཅང་གལ་འགངས་ཆེ་བའི་ཁྲིད་སྟོན་གྱི་དོན་སྙིང་ལྡན་ཡོད། ལྷག་པར་དུ་གསར་བརྗེས་སམ་ཡང་ན་ཡུག་འབྲེལ་དུ་བཙུགས་པའི་ནགས་སར་གཡོག་བྱེད་མི་སྣས་ཉུང་མཐར་ཡང་འཚོ་བཅུད་ག་ཚོད་གསབ་ཚེ། གཞི་ནས་ཤིང་གཅོད་ལས་ཐོན་པའི་འཚོ་བཅུད་ཤོར་བའི་གནོད་སྐྱོན་གསབ་ཐུབ་པ་ཤེས་པ་བྱེད་དགོས”ཞེས་འགྲེལ་བཤད་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།