འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།2019ལོ་ཙམ་ལ་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་ངོས་ལེབ་བརྙན་ཤེལ་ཐོན་སྐྱེད་བྱ་
    ཡུལ་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་6ཉིན། ཀྲུང་གོ་གློག་རྡུལ་བརྙན་ཤེལ་མཐུན་ཚོགས་དང་ཀྲུང་གོ་འོད་རིག་འོད་གློག་རྡུལ་ལས་རིགས་མཐུན་ཚོགས་བརྙན་ཤེལ་ཡན་ལག་མཐུན་ཚོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་གྱིས་བཟོས་ཟིན་པ་དང་འཆར་གཞི་ཁྱབ་བསྒྲགས་བྱས་པའི་ངོས་ལེབ་བརྙན་ཤེལ་ཐོན་སྐྱེད་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་8000བཏང་བའི་ནང་བཤེར་ཤེལ་ངོས་ལེབ་ཐད་བཏང་བའི་མ་དངུལ་དེ་སྒོར་དུང་ཕྱུར་5000ཟིན་ཡོད། 2019ལོ་ཙམ་ལ་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་ཐོག་ངོས་ལེབ་བརྙན་ཤེལ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་རེད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོར་རང་རྒྱལ་གྱི་སྐམ་ས་ཆེ་མོའི་ས་ཁུལ་གྱི་བརྙན་ཤེལ་ལས་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་ཞིང་། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་སྐམ་ས་ཆེ་མོའི་བརྙན་ཤེལ་ངོས་ལེབ་ཕྱིར་གཏོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5700ཟིན་པ་དེས་གོ་ལ་ཧྲིལ་པོའི་ཚོང་ཟོག་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།