འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཚད་རྡུལ་འཕྲིན་གཏོང་ལ་དམིགས་པའི་སྤྲིན་ཚོམས་བདེ་འཇགས་ཀྱི་གཞི་
    གཅིག་འཕྲུལ་ཆས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞིབ་བཟོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་4ཉིན་རང་རྒྱལ་གྱི་ནུས་པ་ཆེ་བའི་རྩིས་རྒྱག་གི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་པའི་ཀྲུང་གོ་ཚན་རིག་སྐྱ་མདའ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཞི་གྲངས་འཕྲིན་གཏོང་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོ་ཚན་རིག་སྐྱ་མདའ་ཀུང་སི་དང་རྒྱལ་ཁབ་ཚན་རིག་གློག་རྡུལ་འཕྲིན་གཏོང་དྲ་བ་ཚད་ཡོད་ཀུང་སིས་ཉེ་ཆར་རང་རྒྱལ་གྱིས་གློག་རྡུལ་འཕྲིན་གཏོང་ལ་དམིགས་པའི་སྤྲིན་ཚོམས་བདེ་འཇགས་ཀྱི་གཞི་གཅིག་འཕྲུལ་ཆས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པ་རེད།
         མིག་སྔར། རང་རྒྱལ་གྱི་གློག་རྡུལ་འཕྲིན་གཏོང་ཁྱབ་ཁོངས་ཀྱི་ལག་རྩལ་ནུས་པ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས་རྒྱལ་སྤྱིའི་ཐོག་གསར་རྩོམ་ཆུ་ཚད་གལ་ཆེན་ལྡན་པའི་ཚན་རྩལ་གྱི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱི་ཐོན་ལས་ལས་རིགས་ཀྱི་ལྟེ་བའི་ལག་རྩལ་དང་དེའི་འགག་རྩའི་ལྷུ་ལག་ཐོན་སྐྱེད་དང་། དྲ་བ་བཀོད་སྒྲིག་དང་བཀོལ་སྤྱོད། ཤེས་བྱའི་བདག་དབང་གསོག་འཇོག་སོགས་ཀྱི་ཐད་ལའང་བཀོད་སྒྲིག་ཧུར་ཐག་བྱས་པའི་ནང་གློག་རྡུལ་དྲ་བ་དང་ཀྲུང་གོ་ཚན་རིག་སྐྱ་མདའ་སོགས་ཚུད་པའི་ཀྲུང་གོ་ཚན་རིག་ཁང་ཁོངས་གཏོགས་ཀྱི་ཚན་རིག་ཞིབ་འཇུག་ཚོགས་པ་དང་ཁེ་ལས་དག་དེའི་ཁྲོད་ཀྱི་གཙོ་གནད་ལ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།