འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གློག་དྲས་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ལ་གློག་གཏོང་ཚད་ཀྲའོ་ཝ་9000ལྷག་
    ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན། ཅང་སུའུ་ཞུའེ་ཀྲོའུ་ཅིའུ་ཉིང་རྫོང་ཅིའུ་ཁྲེང་ཁྲོམ་གཞུང་ཧྲོང་ཀྲོང་སྡེ་ཁུལ་ཧྲོང་སན་ཚོགས་ཆུང་གིས་བེད་མེད་དྲོད་ཁང་སྟེང་གློག་འོད་མཉམ་གསབ་ཀྱི་འོད་ཤུགས་གློག་ཁང་བསྐྲུན་ནས་ས་གནས་དེ་གའི་དབུལ་སྐྱོར་ལ་ནུས་ཤུགས་གང་ཡོད་བཏོན་ཡོད།
         “རྣམ་གྲངས་དེ་དྲ་སྦྲེལ་གློག་གཏོང་ཐུབ་རྗེས། ལོ་ལྟར་ང་ཚོའི་གྲོང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1600གཏོད་ཐུབ”ཅེས་ཧྲོང་སན་ཚོགས་ཆུང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཐུང་ཀྲུའུ་ཡིས་གསར་འགོད་པར་བཤད་བྱུང་།
         རྒྱལ་ཁབ་གློག་དྲ་ཞུས་ཀྲོའུ་གློག་གཏོང་ས་ཚིགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་700བཏང་བ་དང་ཤོང་ཚད་ཀྲའོ་ཝ་1ཟིན་པའི་རྣམ་གྲངས་དེ་མིག་སྔར་རྒྱལ་ཁབ་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་སུ་བཅུག་ཡོད། དྲ་སྦྲེལ་གློག་གཏོང་བྱས་རྗེས་གྲོང་མིས་རྒྱལ་ཁབ་འོད་ཤུགས་གློག་ཁང་གི་ཚད་ལྡན་གློག་གོང་ལྟར་ཉོ་ཚོང་བྱ་ཆོག་པས་མང་ཚོགས་ལ་ཕན་པ་དངོས་ཐོབ་རྒྱུ་རེད།
         འོད་ཤུགས་དབུལ་སྐྱོར་ནི་རང་རྒྱལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་གཙོ་གནད་དབུལ་སྐྱོར་བྱེད་སྟངས་ཤིག་རེད། འོད་ཤུགས་དབུལ་སྐྱོར་རྣམ་གྲངས་དྲ་སྦྲེལ་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གློག་དྲ་ཀུང་སིའི་གཙོ་གནད་ལས་དོན་ཞིག་ཏུ་གྱུར་ཡོད།
         གསར་འགོད་པས་རྒྱལ་ཁབ་གློག་དྲ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་བརྒྱད་པའི་ཟླ་མཇུག་བར་ཀུང་སི་དེས་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་དྲ་སྦྲེལ་བྱས་པའི་ཤོང་ཚད་ཁྱོན་བསྡོམས་ཀྲའོ་ཝ་9003ཟིན་པ་དང་རྣམ་གྲངས་དེས་ཁྱིམ་ཚང་ཁྲི་138.5ལ་ཕན་པ་བསྐྲུན་ཡོད། གནས་གཏན་འཁེལ་གྱི་འོད་ཤུགས་དབུལ་སྐྱོར་ལས་གྲྭ་དེར་གཅིག་སྡུད་རྣམ་པའི་འོད་ཤུགས་གློག་ཁང་7དང་གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་236ཚུད་ཡོད་པས་ད་ལྟ་ཚང་མ་དྲ་སྦྲེལ་གློག་གཏོང་ཐུབ་ཡོད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གློག་ཤུགས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། རྒྱལ་ཁབ་གློག་དྲ་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་32བཏང་ནས་རྒྱལ་ཁབ་ཀྱི་འོད་ཤུགས་དབུལ་སྐྱོར་འཆར་གཞིར་བཀོད་སྒྲིག་བྱས་པའི་གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་ཁྲི་2.8ཀྱི་དྲ་སྦྲེལ་ལས་གྲྭ་ལེགས་སྒྲུབ་བྱ་རྒྱུ་མ་ཟད། ད་དུང་མ་དངུལ་སྒོར་དུང་ཕྱུར་7.07བཏང་ནས་ཧུའུ་པེ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རྫོང་དང་ཆུས་ལྔའི་གནས་གཏན་འཁེལ་གྱི་འོད་ཤུགས་དབུལ་སྐྱོར་ལས་གྲྭ་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།