འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་རིང་རྒྱལ་ཡོངས་སུ་མེ་འཁོར་གྱིས་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་1ལས་
    བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ་9ཚེས་28ཉིན་རྒྱལ་སྟོན་གུང་གསེང་རིང་མེ་འཁོར་ནས་འགྲུལ་སྐྱེལ་བྱེད་འགོ་ཚུགས་ཚུན་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.05དབོར་ཏེ་སྐྱེལ་འདྲེན་བདེ་བླག་དང་གོ་རིམ་ལྡན་པ་བྱུང་ཡོད།
         ཟླ་10ཚེས་6ཉིན་རྒྱལ་ཡོངས་སུ་མེ་འཁོར་གྱིས་འགྲུལ་པ་མི་ཐེངས་ཁྲི་1236.8དབོར་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་97.4འཕར་ནས་8.6%མང་དུ་སོང་བ་དང་ཉིན་7བསྟུད་མར་མི་ཐེངས་ཁྲི་ཚོ་སྟོང་ལྷག་ཟིན་པའི་ནང་པེ་ཅིང་ལྕགས་ལམ་ཅུས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་111.1དབོར་བ་དེ་དུས་མཚུངས་ལས་1.6%འཕར་ཡོད། ཧྲང་ཧའེ་ལྕགས་ལམ་ཅུས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་231.1དབོར་བ་དེ་དུས་མཚུངས་ལས་2.8%མང་དུ་སོང་ཡོད། ཀོང་ཀྲོའུ་ལྕགས་ལམ་ཚོགས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་165དབོར་བ་དེ་དུས་མཚུངས་ལས་18.9%འཕར་ཡོད་པ་རེད།
         ཟླ་10ཚེས་7ཉིན་རྒྱལ་ཡོངས་སུ་མེ་འཁོར་གྱིས་ཕྱིར་ལོག་འགྲུལ་པ་མང་ཤོས་ཀྱི་དུས་བསུས་པ་དང་སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་ཁྲི་1361དབོར་ཐུབ་བཟོ་ཡོད། འགྲུལ་པ་མང་བར་དམིགས་ནས་ལྕགས་ལམ་སྡེ་ཚན་གྱིས་དབོར་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་མེ་འཁོར་911མང་དུ་བཏང་བའི་ནང་ལྕགས་ལམ་ཅུས་ཁོངས་བརྒལ་བའི་ལམ་ཐག་རིང་འབྲིང་གི་མེ་འཁོར་136དང་ལྕགས་ལམ་ཅུས་ཁོངས་ཀྱི་ཡུལ་སྐོར་བའི་མེ་འཁོར་775ཡོད་པ་དེ་དག་གིས་རྒྱ་ཆེའི་འགྲུལ་པའི་འགྲོ་སྐྱོད་ཀྱི་དགོས་མཁོ་ཧུར་ཐག་བསྐངས་པ་རེད།
         ཧྲེན་དབྱང་ལྕགས་ལམ་ཅུས་ཀྱིས་ཧྲེན་དབྱང་ནས་ཏ་ལེན་དང་ཏན་ཏུང་དབར་དང་། ཁྲང་ཁྲུན་ནས་ཅི་ལིན་དང་པེ་ཁྲེང་སོགས་གྲོང་ཁྱེར་གཙོ་བོའི་དབར་ཡུལ་སྐོར་བའི་མེ་འཁོར་ཆ་28མང་དུ་བཏང་བ་དང་། ཧུའུ་ཧོ་ཧའོ་ཐེ་ལྕགས་ལམ་ཅུས་ཀྱིས་ལམ་ཐག་ཐུང་བའི་འགྲུལ་པ་དབོར་འདྲེན་གྱི་དགོས་མཁོ་སྐོང་ཆེད་ཧུའུ་ཧོ་ཧའོ་ཐེ་དང་། ཝུའུ་ལན་ཁྲ་པུའུ། པའོ་ཐོའུ་བཅས་ཀྱི་དབར་ཤུགས་འགྲེམས་མེ་འཁོར་36བཏང་ནས་འགྲུལ་པ་མང་བའི་དུས་ཤུགས་འགྲེམས་མེ་འཁོར་4མཉམ་འབྲེལ་གཉེར་སྐྱོང་བྱས་ཡོད། ཤིས་ཨན་གྱི་ལྕགས་ལམ་ཅུས་ཀྱིས་པེ་ཅིང་དང་། པའོ་ཅི། ཡན་ཨན། ཏ་ལི་སོགས་ཀྱི་ཕྱོགས་སུ་སྐྱོད་པའི་ཡུལ་སྐོར་བའི་མེ་འཁོར་40མང་དུ་བཏང་བ་དང་། ནན་ཁྲང་ལྕགས་ལམ་ཅུས་ཀྱིས་ཀོང་ཀྲོའུ་དང་ཧྲེན་ཀྲེན། ཧྲང་ཧའེ་དང་ཧང་ཀྲོའུ་ས་ཁུལ་དང་། ཧྥུའུ་ཅན་དང་ཅང་ཤིས་ཞིང་ཆེན་གཉིས་དབར་གྱི་ཡུལ་སྐོར་བའི་མེ་འཁོར་106མང་དུ་བཏང་བ། ཁྲེང་ཏུའུ་ལྕགས་ལམ་ཅུས་ཀྱིས་ཁྲེང་ཏུའུ་དང་། ཅང་ཡིའུ། གླང་ཆེན་འགྱིང་རི་སོགས་གྲོང་ཁྱེར་དབར་ཤུགས་འགྲེམས་མེ་འཁོར་8མང་དུ་བཏང་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།