འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཕྱིར་ལོག་འགྲིམ་འགྲུལ་ཤར་གཏོང་ཐུབ་པའི་བླང་
    བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཕྱིར་ལོག་འགྲིམ་འགྲུལ་གྱི་བདེ་སྲུང་ལས་དོན་ལ་བརྙན་ལམ་བཀོད་སྒྲིག་བྱས་ཏེ་ས་གནས་ཁག་གི་སྤྱི་བདེ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་པ་ཡོངས་སྐུལ་སློང་གིས་ཕྱིར་ལོག་འགྲིམ་འགྲུལ་མི་འགག་པ་དང་ལས་འཛོལ་འགོག་ཟོན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
         སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་མི་སྣ་དང་ཉེན་རྟོག་རླངས་འཁོར་གྱི་སྐོར་གཡེང་བྱེད་ཐེངས་མང་དུ་བཏང་ནས་ཤར་བགྲོད་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་ཕྱིར་ལོག་བྱེད་མཁན་འགྲུལ་པར་ལམ་སྟོན་དང་འགྲིམ་འགྲུལ་གྱི་རྒྱུན་ཆེན་པོར་ཁ་གཏད་ཧུར་ཐག་གཅོག་དགོས། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་ལྷག་པར་དུ་ཡུལ་སྐོར་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་བདེ་འཇགས་གནད་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་ཁེ་ལས་ལ་འབྱུང་རྩ་ནས་གྲལ་བཤེར་དང་དྲན་སྐུལ་དང་འགྲོ་ལམ་དུ་དོ་དམ་དང་ཞིབ་བཤེར་ནན་པོ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྤྱད་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། “མྱུར་ཚད་ཚོད་འཛིན་དང་། བར་ཐག་ཚོད་འཛིན། གློག་སྤོར་བ”སོགས་ཀྱི་བྱེད་ཐབས་ལ་དམ་འཛིན་ཡག་པོ་བྱས་ཏེ་གཞུང་ལམ་ལམ་རྒྱུད་ཀྱི་གློག་རྡུལ་བརྙན་ཤེལ་དུ་མྱུར་ཚད་ཀྱི་དཔྱད་གྲངས་གསལ་སྟོན་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་སྔོན་བརྡ་རྒྱ་ཁྱབ་ངང་གཏོང་དགོས། ཕྱིར་ཐོན་དྲན་སྐུལ་དང་བདེ་འཇགས་འཁོར་གཏོང་གི་ཆ་འཕྲིན་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ནས་ཁ་ལོ་བ་དང་ཕྱིར་ཐོན་མང་ཚོགས་ལ་ལམ་གྱི་གནས་ཚུལ་དང་ལམ་འགག་པའི་རྒྱུ་རྐྱེན་དུས་ཐོག་ཏུ་བརྗོད་དེ་དུས་ཚོད་དང་ལམ་ཐིག་ལུགས་མཐུན་ངང་འདེམས་རྒྱུར་དྲན་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         དེ་དང་དུས་མཚུངས་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་ཁ་ལོ་བར་རླངས་འཁོར་ལམ་ཐག་རིང་པོ་གཏོང་སྐབས། ངལ་གསོ་འདང་ངེས་རྒྱག་དགོས་པ་དང་། མཚན་མོར་རླངས་འཁོར་མི་གཏོང་བ་དང་ངལ་དུབ་ཀྱིས་རླངས་འཁོར་གཏོང་མི་རུང་། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་གཏོང་སྐབས་མྱུར་ཚད་ལས་བརྒལ་བ་དང་ཟློག་ཕྱོགས་སུ་རླངས་འཁོར་གཏོང་མི་རུང་ལ་འཁོར་ལམ་གང་བྱུང་དུ་འགྱུར་བ་དང་འཕྲལ་སྡོམ་འཁོར་ལམ་གཟུང་མི་རུང་བའི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།