འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁ་ཚ་དགོས་གཏུགས་ཀྱི་མི་ཆོས་རིང་ལུགས་ཀྱི་གེགས་སེལ་དངོས་ཟོག་ཁག་དང་པོ་
    མོ་ཞི་ཁོར་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་ཀྲུང་གོ་སྲིད་གཞུང་གིས་མོ་ཞི་ཁོའི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་མི་ཆོས་རིང་ལུགས་ཀྱི་གེགས་སེལ་དངོས་ཟོག་ཁག་དང་པོ་མོ་ཞི་ཁོར་འབྱོར་བ་དང་། ཀྲུང་མོ་ཕྱོགས་གཉིས་པོས་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་གཉེར་བ་རེད།
         མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆིའུ་ཞའོ་ཆི་དང་མོ་ཞི་ཁོའི་ཕྱི་འབྲེལ་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཏེ་དབྱི་ཁ་ས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ཆིའུ་ཞའོ་ཆིས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པས་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། མོ་ཞི་ཁོར་ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྱི་གནོད་འཚེའི་གནས་ཚུལ་ལ་ཀྲུང་གོ་སྲིད་གཞུང་གིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། མོ་ཞི་ཁོ་སྲིད་གཞུང་དང་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་མཚོན་པར་བྱས་ནས་མོ་ཞི་ཁོས་ཡོམ་འགོག་གེགས་སེལ་བྱ་རྒྱུར་རོགས་རམ་བྱེད་ཆེད་ཀྲུང་གོ་སྲིད་གཞུང་གིས་མོ་ཞི་ཁོ་སྲིད་གཞུང་ལ་ཨ་སྒོར་ཁྲི་100ཟིན་པའི་ཁ་ཚ་དགོས་གཏུགས་ཀྱི་མི་ཆོས་རིང་ལུགས་ཀྱི་ལག་ཡོད་ཕྱི་རྒྱལ་དངུལ་བརྗེས་ཀྱི་རོགས་སྐྱོར་དང་གེགས་སེལ་ལ་འཕྲལ་མཁོའི་དངོས་ཟོག་རོགས་སྐྱོར་ཁག་ཐེངས་བཞི་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པས་དེ་གོང་མོ་ཞི་ཁོ་ཕྱོགས་ལ་ཨ་སྒོར་ཁྲི་10ཡི་ལག་ཡོད་ཕྱི་རྒྱལ་དངུལ་བརྗེས་ཀྱི་རོགས་སྐྱོར་བྱས་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་མོ་ཞི་ཁོ་སྲིད་གཞུང་དང་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་དཀའ་གནད་ལས་སྒྲོལ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཏེ་དབྱི་ཁ་སས་མོ་ཞི་ཁོ་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་ཀྱིས་ཤུགས་ཆེའི་རོགས་སྐྱོར་དུས་ཐོག་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དཀའ་སྡུག་ཆེ་བའི་དུས་སུ་ཟོལ་མེད་བརྩེ་སེམས་མངོན་ཞེས་པ་ལྟར་མོ་ཞི་ཁོའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཀྲུང་གོ་ཕྱོགས་ཀྱིས་སྒེར་སེམས་དང་སེར་སྣ་མེད་པའི་སྒོ་ནས་རོགས་སྐྱོར་བྱས་པ་དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་མོ་ཞི་ཁོ་ཕྱོགས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་གང་ལེགས་མངོན་ཡོད་པས་མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད་ལ་མོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་སླར་ཡང་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོར་མ་དངུལ་མོ་ཞི་ཁོ་ཕྱོགས་ཀྱིས་བེད་སྤྱོད་ཡག་པོ་བྱས་ཏེ་གནོད་འཚེ་ཕོག་པའི་དམངས་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་སྔ་ཙམ་ཡོང་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།