འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་བརྩམས་ཆོས་ཏེ་བོད་རིགས་བྲོ་གར་《ཐང་ག་》ཞེས་པའི་འཁྲབ་ཐེངས་དང་
    པོ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ནས་ཚེས་29ཉིན་བར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་རོགས་སྐྱོར་རྣམ་གྲངས་དང་། 2017ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་འཁྲབ་གཞུང་གཙོ་བོ། བོད་རིགས་བྲོ་གར་བརྩམས་ཆོས་བཅས་ཡིན་པའི《ཐང་ག》ཞེས་པ་མཚོ་སྔོན་ཟློས་གར་ཁང་ཆེ་མོར་ཐེངས་དང་པོར་འཁྲབ་པ་རེད། བྲོ་གར་དེ་མཚོ་སྔོན་ཞིང་ཆེན་རིག་རྩལ་འཁྲབ་སྟོན་ཚོགས་པས་རྩོམ་བཟོ་བྱས་ཤིང་། དེའི་ནང་རྒྱལ་ནང་གི་འཁྲབ་འཁྲིད་པ་དང་། གར་ཐོག་མཛེས་ལས། གདངས་རྩོམ་སོགས་ཀྱི་རྩེར་སོན་མི་སྣ་འདུས་པ་མ་ཟད། ད་དུང་ཐང་ག་འབྲི་མཁན་དང་བོད་རིགས་བུ་མོའི་དབར་གྱི་མི་ཚེ་ཧྲིལ་པོའི་ཀྱག་ཀྱོག་གི་བརྩེ་དུང་ལམ་བུ་བརྒྱུད་པའི་གཏམ་རྒྱུད་བརྗོད་པ་དང་ཆབས་ཅིག་ཐང་ག་བཞེངས་མཁན་དང་བོད་རིགས་ཀྱི་དམངས་སྲོལ་སོགས་ཕུན་སུམ་ཚོགས་པའི་ནང་དོན་ཡང་འདུས་ཤིང་། དེ་ལས་མི་རིགས་ཀྱི་ཁྱད་ཆོས་མཚོན་ལ་དེང་རབས་ཅན་གྱི་བྲོ་གར་གྱི་དབྱངས་སྒྲ་དང་གློག་འོད་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཀྱང་མངོན་གྱི་ཡོད་པ་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ལྟད་མོ་བ་དང་རིགས་གཅིག་མཁས་ཅན་གྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།