འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་ཞིང་འབྲོག་
    པ་ཁྲི་120ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་ཤོག་སྦག་སྤར་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་མཚོ་ཏོག་ལུང་གྲོང་ཚོའི་གློག་གནོན་སྒྱུར་ཆས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། གྲོང་མི་ཚོས་ས་གནས་དེ་གའི་ཡུལ་སྲོལ་གཞིར་བཟུང་གློག་གནོན་སྒྱུར་ཆས་ལ་དར་ཚོན་དཀྲིས་ཤིང་ལོ་གསར་པ་ལྟར་གྱི་སྤྲོ་སྣང་གིས་ཁེངས།
         “ད་གཞི་ནས་བརྙན་འཕྲིན་རྒྱག་ཚད་ཅིག་ལྟ་ཆོག་ལ། གོས་འཁྲུད་འཕྲུལ་ཆས་དང་། གློག་ཐབ། འཁྱག་སྒམ་བཅས་ཚང་མ་ཡང་བེད་སྤྱོད་བྱེད་ཐུབ། ཁྱིམ་སྤྱོད་གློག་ཆས་ཚང་མ་མཉམ་དུ་སྤྱད་ན་ཡང་གློག་ཆད་པའི་སེམས་ཁྲལ་མི་འདུག”ཅེས་གྲོང་མི་མ་ཝུན་ཧུའེ་ཡིས་གད་མོ་དགོད་བཞིན་བཤད།
         རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་ཚ་རྔ་འགག་ཆུ་ཤུགས་གློག་ཁང་དང་ཐག་ཉེ་བའི་མཚོ་ཏོག་ལུང་གྲོང་ཚོ་ནི་ཆུ་མཛོད་བརྒྱབ་ནས་གནས་སྤོས་བྱས་པའི་གྲོང་ཚོ་ཞིག་ཡིན། 1981ལོར་ད་ལྟའི་གནས་སུ་སྤོས་རྗེས་འགྲིམ་འགྲུལ་སྟབས་བདེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་གྲོང་མི་ཚོས་འདེབས་འཛུགས་དང་། ཉ་ལས། གསོ་ཚགས་བཅས་ལ་བརྟེན་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་གྲོང་ཚོའི་མི་འབོར་མང་དུ་ཕྱིན་ནས་གློག་འདོན་དགོས་མཁོ་ཆེ་རུ་ཕྱིན་པར་བརྟེན་གློག་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ཡང་མང་པོ་ཐོན་གྱི་ཡོད། གློག་ཁང་ཆེན་པོ་དེ་འདྲ་ཞིག་འགྲམ་དུ་ཡོད་ཀྱང་གྲོང་ཚོར་གློག་མི་འདང་བ་ནི་གྲོང་མི་ཚོའི་སེམས་ནད་ཅིག་ཏུ་གྱུར་ཡོད།
         2016ལོར་མཚོ་སྔོན་གྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པས། མཚོ་ཏོག་ལུང་གྲོང་ཚོ་འདི་ཉིད་རིམ་སྤོར་སྒྱུར་བཀོད་ཀྱི་འཆར་གཞིའི་ནང་བཅུག་ཡོད། མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་འཁོར་རྒྱུག་ཞིབ་བཟོ་པུའི་ཞིབ་བཟོ་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ལི་ཡོན་གྱིས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ཚུན། མཚོ་སྔོན་གྱིས་གློག་སྒྱུར་ས་ཚིགས་41གསར་སྐྲུན་དང་སྒྱུར་བཀོད་བྱས་ནས་སྤྱིའི་ཤོང་ཚད་ཀྲའོ་ཧྥུའུ་ཨན་829ཟིན་པ་དང་། གློག་གནོན་སྒྱུར་ཆས་3945གསར་སྐྲུན་དང་སྒྱུར་བཀོད་བྱས་ནས་སྤྱིའི་ཤོང་ཚད་ཀྲའོ་ཧྥུའུ་ཨན་566ཟིན་པ་དང་། གློག་ཆེན་དང་གློག་ཆུང་གི་གློག་སྐུད་སྟོང་སྨི་12425.26གསར་དུ་འཁྲིད་པ་དང་སྒྱུར་བཀོད་བྱས་ཡོད་པ་རེད། རྣམ་གྲངས་དེ་དག་ལག་བསྟར་བྱས་པ་ལས་རྫོང་ཁོངས་ཁག་གཅིག་གི་གློག་དྲ་དང་གློག་དྲ་གཙོ་བོ་ཡག་པོ་སྦྲེལ་མེད་པའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱུང་ནས་ཞིང་འབྲོག་ཁུལ་གྱི་གློག་ཆེན་དང་གློག་ཆུང་གི་གློག་འདང་ངེས་མཁོ་འདོན་བྱེད་མི་ཐུབ་པའི་ཞན་ཆ་གསབ་པ་མ་ཟད། གྲོང་གསེབ་གློག་དྲའི་གློག་མཁོ་འདོན་གྱི་བདེ་འཇགས་རང་བཞིན་དང་བློས་འགེལ་རང་བཞིན་ཡང་མཐོ་རུ་ཕྱིན་ཏེ་མི་ཁྲི་121.39ལ་ཕན་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།
         རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་ཀྱི‘ལོ་གཉིས་ཀྱི་འགག་སྒྲོལ་དམག་འཐབ’ཀྱི་སྤྱིའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་རྒྱལ་ཁབ་གློག་དྲ་ཀུང་སིའི་བཀོད་སྒྲིག་གཞིར་བཟུང་། ལོ་གཉིས་རིང་། མཚོ་སྔོན་གྱིས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཁྱོན་909ལག་བསྟར་བྱས་པ་དང་། མིག་སྔའི་བར་སྤྱིའི་ལས་གྲྭའི་འཕེལ་རིམ་གྱི་98%ལེགས་སྒྲུབ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།