འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་མ་འཇོག་དངུལ་ཁང་གིས་མི་དམངས་ཤོག་སྒོར་ཁྱབ་ཁོངས་ཀྱི་ཉོ་ཚོང་ལས་སྒོ་
    ཇེ་མང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་མི་དམངས་ཤོག་སྒོར་སྤྱོད་པའི་ནུས་པ་ཆེ་རུ་འགྲོ་བའི་རྐྱེན་གྱིས་ཉེ་ཆར་ཧྭ་ཆི་དང་ཧུད་ཧྥུང་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་ཉོ་ཚོང་ལས་སྒོ་གཉེར་མཁན་གྱི་ལས་མི་དང་ཁེབས་ཚད་ཆེ་རུ་གཏོང་བའི་ནང་མ་རྩའི་ཁྲོམ་རའི་ཐག་གཅོད་ཇུས་གཞི་དང་བརྗེ་ཚོང་ཉེན་གཡོལ་གྱི་བཀོལ་སྤྱོད་བྱེད་ཚུལ་སོགས་ཚུད་ཡོད།
         ཕྱི་རྒྱལ་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དེ་ལྟར་བཀོལ་སྤྱོད་བྱེད་པ་ནི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱས་ནས་གོ་ལ་ཧྲིལ་པོའི་ཉོ་ཚོང་བྱེད་འབོར་མང་དུ་འགྲོ་རྒྱུ་ཡིན་པར་དམིགས་ཏེ་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་བ་ཞིག་ཡིན་པ་རེད།
         གོ་ལ་ཧྲིལ་པོའི་ལས་རིགས་གཅིག་པའི་དངུལ་ཁང་གི་དངུལ་རྩའི་གློག་འཕྲིན་མཐུན་ཚོགས(SWIFT)ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དྲུག་པར་གོ་ལ་ཧྲིལ་པོའི་དངུལ་ལོར་གཏོང་སྤྲོད་ཁྲོད་མི་དམངས་ཤོག་སྒོར་གྱི་ཨང་རིམ་དེ་ལོ་གཉིས་གོང་གི་ཨང་ལྔ་པ་ནས་དྲུག་པར་ཆག་མོད། འོན་ཀྱང་དངུལ་ཁང་ལས་རིགས་ཀྱི་མི་སྣས་ཀྲུང་གོའི་ཁེ་ལས“ཕྱིར་སྐྱོད་པའི”གཞི་ཁྱོན་ཇེ་ཆེར་སོང་བར་བརྟེན་གནས་སྟངས་འདིར་འགྱུར་བ་འགྲོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ལུའུ་ཐོའུ་གསར་འགྱུར་ཁང་གིས་ཧྭ་ཆི་དངུལ་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ནོར་སྲིད་དང་ཉོ་ཚོང་ཐག་གཅོད་ཇུས་གཞིའི་འགན་འཛིན་ལ་ཅེ་ཧྲི·མའེ་ཐའི་སྐད་ཆ་དྲངས་ནས་བཤད་དོན། ཧྭ་ཆི་དངུལ་ཁང་གི་ཚོང་ཤག་གིས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ལས་སྒོ་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག་མི་དམངས་ཤོག་སྒོར་གྱི་དགོས་འདུན་ཡང་དེ་མཚུངས་ཀྱིས་ཆེ་རུ་འགྲོ་རྒྱུའི་སྔོན་དཔག་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཧྭ་ཆི་དངུལ་ཁང་གིས་འབྱུང་འགྱུར་ལོ་གཅིག་ནང“རྒྱུད་གཅིག་ལམ་གཅིག”གི་ཉོ་ཚོང་བར་ཁྱམས་གཙོ་བོ་བརྒྱད་ལ་མི་26གཏོང་རྒྱུ་དང་། ཀྲ་ཏ་དངུལ་ཁང་གིས་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་ལྟེ་བའི་རྣམ་གྲངས་ཚོགས་པ་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ལ་རྣམ་གྲངས་གཞོགས་འདེགས་ཚོགས་པ་ཆེད་དུ་འཛུགས་རྒྱུ། ཧུད་ཧྥུང་དངུལ་ཁང་གིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་ཀྲུང་གོའི་ཁྲོམ་རར་ཆེད་དམིགས་ཀྱི་སྡེ་ཚན་24ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”དང་འབྲེལ་བའི་མི་དམངས་ཤོག་སྒོར་རྩིས་རྒྱག་གི་རིན་སྤྲོད་ཐོན་ཟོག་དང་ཞབས་ཞུའི་ཐད་བགོ་སྐལ་མང་ཙམ་རག་ཐབས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།