འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རེའི་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།

    "འབད་འབུངས་ཡར་བརྩོན་གྱི་ལོ་ལྔ"ཡི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་པེ་ཅིང་དུ་གཤོམ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་རེའི་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་གྱི་སྔ་དྲོར། "འབད་འབུངས་ཡར་བརྩོན་གྱི་ལོ་ལྔ"ཡི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་པེ་ཅིང་རྟེན་རྫས་བཤམས་མཛོད་ཁང་དུ་གཤོམ་འགོ་ཚུགས་ཤིང་། འགྲེམས་སྟོན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བ་དྲིལ་བསྒྲགས་འགྲེམས་སྟོན་བྱས་ཡོད་པ་རེད།
           ལོ་ལྔའི་རིང་ལ། འཕེལ་རྒྱས་ཇི་ལྟར་བྱུང་བ་དང་ཀྲུང་གོ་ཇི་ལྟ་བུ་ཞིག་ཏུ་གྱུར་པར་རྒྱལ་ཁབ་ཕྱི་ནང་ཚང་མས་ཐོག་མཐའ་བར་གསུམ་དུ་དོ་སྣང་སྔར་ལས་ཆེན་པོ་བྱེད་བཞིན་ཡོད། འགོ་ཚུགས་འགྲེམས་ཚན་རྣམ་པ་གསར་པ་དང་སྣང་ཚུལ་གསར་པར་བརྗོད་བྱ་གཙོ་བོའི་ནང་དོན་བཅུའི་འགྲེམས་སྟོན་ཁུལ་དང་དམིགས་བསལ་ཉམས་ལེན་འགྲེམས་སྟོན་ཁུལ། དྲ་ཐོག་འགྲེམས་སྟོན་ཁང་བཅས་འདུས་ཡོད་ལ། གྲུབ་འབྲས་ཆེ་གྲས་འགྲེམས་སྟོན་དུ་ཐད་ཀར་མཐོང་བ་དང་ལངས་གཟུགས་ལྡན་པའི་སྒོ་ནས་འབད་འབུངས་མདུན་སྐྱོད་ཀྱི་ཀྲུང་གོ་ཞིག་དང་དཀའ་སྤྱད་ཡར་བརྩོན་གྱི་ཀྲུང་གོ་ཞིག་གསལ་སྟོན་བྱས་པ་རེད།
          གྲུབ་འབྲས་འགྲེམས་སྟོན་ཁུལ་དུ་པར་རིས་དང་ཡི་གེ  བརྙན་རིས། དངོས་པོ། དཔེ་དབྱིབས། ཕན་ཚུན་སྐུལ་འདེད་ཉམས་ལེན་སོགས་ཀྱི་འགྲེམས་སྟོན་བྱ་ཐབས་སྤྱད་དེ་ལྟད་མོ་བ་ཚོས་འབུར་གཟུགས་ཅན་དང་། ཕྱོགས་མཐའ་ཀུན། ཟུར་མང་བ། ལྗོངས་ཡོངས་མཐོང་བ་སོགས་ཀྱི་ཐོག་ནས་ལོ་ལྔའི་རིང་ལ་ཀྲུང་གོར་བྱུང་བའི་འཕེལ་རྒྱས་འཕོ་འགྱུར་ལ་རྒྱུས་ལོན་བྱེད་ཐུབ་པ་རེད།
         འགྲེམས་སྟོན་ནི་ཟླ་9ཚེས་26ཉིན་ནས་འགོ་ཚུགས་ཏེ་པེ་ཅིང་རྟེན་རྫས་བཤམས་མཛོད་ཁང་དུ་མང་ཚོགས་ལ་སྒོ་ཕྱེ་ཞིང་། དུས་ཡུན་ཟླ་བ་གཉིས་རིང་རྒྱུན་མཐུད་དུ་འགྲེམས་སྟོན་བྱ་རྒྱུ་རེད།
    ༄༅།།རང་རེའི་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།
    ༄༅།།རང་རེའི་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།
    ༄༅།།རང་རེའི་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།
    ༄༅།།རང་རེའི་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།
    ༄༅།།རང་རེའི་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།
      

    ཕྱོགས་བསྡུས་གསར་འགྱུར།