མི་དམངས་དྲ་བ།

༄༅།།ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཟླ་10ཚེས་11ཉིན་ནས་ཕྱི་
ཕྱོགས་ལ་སྣེ་ལེན་ཞུ་འགོ་རྩོམ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་29ཉིན། གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཟླ་10ཚེས་11ཉིན་ནས་ཕྱི་ཕྱོགས་ལ་སྣེ་ལེན་ཞུ་འགོ་རྩོམ་རྒྱུ་ཡིན་ཞིང་། ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ནི་པེ་ཅིང་མེ་ཏི་ཡཱ་མགྲོན་ཁང་དུ་བཀོད་སྒྲིག་བྱས་ཡོད་པ་རེད།
         གསར་འགྱུར་ལྟེ་གནས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ཚོགས་ཆེན་བཅུ་དགུ་པའི་སྐོར་བཅར་འདྲི་བྱེད་པར་ཡོང་བའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་དང་། ཕྱི་རྒྱལ་གྱི་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་ཚོར་བཅར་འདྲིའི་དཔང་ཡིག་སྒྲུབ་སྤྲོད་དང་བཅར་འདྲིའི་རེ་ཞུ་བདག་སྤྲོད་བྱ་རྒྱུ་ཡིན་ལ། ཚོགས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྒྲིག་འཛུགས་བྱ་རྒྱུ་དང་། གསར་འགོད་པ་ཚོ་ཚོགས་ཆེན་གྱི་བཅར་འདྲིའི་བྱེད་སྒོར་ཞུགས་དོན་བཀོད་སྒྲིག་བྱ་རྒྱུ་མ་ཟད། ད་དུང་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་ཀྱི་དྲ་ཚིགས་དང་འཕྲིན་ཕྲན་མང་ཚོགས་ཨང་གྲངས་བཙུགས་ནས་གསར་འགོད་པས་ཚོགས་ཆེན་བཅུ་དགུ་པའི་སྐོར་་བཅར་འདྲི་དང་གནས་འཕྲིན་སྤེལ་བར་དགོས་ངེས་ཀྱི་ཆ་འཕྲིན་ཞབས་ཞུ་དང་ལག་རྩལ་འགན་སྲུང་མཁོ་འདོན་བྱ་རྒྱུ་རེད།
         གསར་འགྱུར་ལྟེ་གནས་ཀྱི་ནང་ཁོངས་ཀྱི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུགས་ཁ་པར་ཨང་གྲངས་ནི་68521200དང་68521300ཡིན་པ་དང་། བརྙན་སྐྱེལ་ཁ་པར་གྱི་ཨང་གྲངས་ནི་68521400དང་68521600ཡིན་པ་དང།  ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུགས་ཁ་པར་ཨང་གྲངས་ནི་68520200དང་68520300ཡིན་ཞིང་།  བརྙན་སྐྱེལ་ཁ་པར་ཨང་གྲངས་ནི་68520500དང་68520600ཡིན་པ། ཕྱི་རྒྱལ་གྱི་གསར་འགོད་པ་སྣེ་ལེན་ཚོགས་ཆུང་གི་འབྲེལ་གཏུགས་ཁ་པར་ཨང་གྲངས་ནི་68576100དང་68576200 68576300བཅས་ཡིན་ཞིང་། བརྙན་སྐྱེལ་ཁ་པར་ཨང་གྲངས་ནི་8576400དང་68576500 68574200བཅས་རེད།