འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་རྣམ་པ་གསར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྟོན་མཚམས་སུ་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་ཀྲུང་ཀྲའེ་གྲོང་རྡལ་ཝུའུ་ཤ་གྲོང་ཚོའི་ཚའོ་ཧྲན་ཧྲེ་རུ་སྐྱོད་སྐབས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་རི་གཤམ་དུ་གྲལ་སྟར་འགྲིག་པོར་གནས་ཤིང་། ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་རྩྭ་དང་མེ་ཏོག་བཏབ་པ་དང་། གྲོང་ཚོའི་མདུན་ངོས་ནས་དལ་གྱིས་རྒྱུག་པའི་ཆུ་ཕྲན་ནང་ཉ་ཕྲུག་ཁྱུ་དང་ཁྱུ་ཕར་རྐྱལ་ཚུར་རྐྱལ་བྱེད་ཅིང་། གྲོང་ཚོའི་རིག་གནས་ཐང་ཆེན་དུ་བོད་རིགས་བུད་མེད་བཅུ་གྲངས་ལྷག་ཙམ་གྱིས་ལག་གདང་སྦྲེལ་ནས་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་བསྟུན་ནས་གར་འཁྲབ་ལ་རོལ་བཞིན་མཆིས།
         ཝུན་རྫོང་ཀྲུང་ཀྲའེ་གྲོང་རྡལ་ཝུའུ་ཤ་གྲོང་ཚོའི་ཚའོ་ཧྲན་ཧྲེ་ཡི་གྲོང་མི་རྣམས་དེ་སྔོན་ས་བབ་སྨི་1800ལྷག་ཙམ་ཡོད་པའི་རི་ཁུལ་དུ་གནས་བཅའ་བ་དང་ཧྲེ་དེ་ཡོངས་ཀྱི་དུད་ཚང་69ཡི་མི་258ཚང་མ་བོད་རིགས་རེད། དེ་གར་རང་བྱུང་ཁོར་ཡུག་ཞན་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཤིན་ཏུ་སྐྱོ་པོ་ཡོད། ད་ཕན་ལོ་ཤས་རིང་ཀྲུང་ཀྲའེ་གྲོང་རྡལ་གྱིས་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ་ཡུལ་གཞན་དུ་གནས་སྤོས་ཡུལ་མིའི་གནས་སྤོའི་རྣམ་གྲངས་ལག་ལེན་ཧུར་ཐག་བསྟར་བ་དང་། མང་ཚོགས་ལ་རང་འགུལ་ངང་ཞུགས་རྒྱུའི་སྐུལ་སློང་ཧུར་ཐག་བྱས་ནས་རི་གཤམ་དུ་ཚའོ་ཧྲན་གྲོང་ཚོ་གསར་པ་ཞིག་བསྐྲུན་པ་རེད།
         ད་ཕན་ལོ་ཤས་རིང་། གྲོང་རྡལ་དང་གྲོང་ཚོ་རིམ་པ་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་གྲོང་ཚོར་གཞུང་ལམ་ངོགས་ཀྱི་སྔོ་འགྱུར་ལས་གྲྭ་དང་། གྲོང་ཚོར་གཞུང་ལམ་ཤར་གཏོང་། དེ་བཞིན་གྲོང་ཚོའི་ཨར་འདམ་ལམ་བུ་བསྐྲུན་པའི་ལས་གྲྭ་ལག་བསྟར་བྱས་པ་མ་ཟད། ཚའོ་ཧྲན་ཧྲེ་རིག་གནས་ཐང་ཆེན་དང་གྲོང་ཚོའི་གར་སྟེགས་སོགས་བསྐྲུན། དེ་དང་ཆབས་ཅིག་ཞིང་ལས་དང་ནགས་ལས་སྡེ་ཚན་གྱིས་གནས་སྤོས་མང་ཚོགས་ལ་བྱ་ཕྲུག་དང་ཀླུ་བདུད་རྡོ་རྗེའི་སོན་སྤྲད་དེ་མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རོགས་བྱས་པ་མ་ཟད། གསོ་སྦྱོང་འཛིན་གྲྭ་ཧུར་ཐག་གཉེར་ནས་གྲོང་མི་རྣམས་ལ་སྒྲོན་ཤིང་དཀར་པོ་དང་ལོ་སྐྱུར་ཐང་ཤིང་སོགས་ཀྱི་གནོད་འབུ་འགོག་བཅོས་ལག་རྩལ་བསླབས་པ་དང་། རོགས་སྐྱོར་ཚན་པས་ད་དུང་ཞིང་དུད་ལ“སྨན་བཅོས་བདེ་སྲུང་དང་བདེ་ཐང་བློ་འདྲི”ཡི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དང་སྨན་རིན་མི་དགོས་པར་གཟུགས་གཞིར་བརྟག་དཔྱད་བྱས་ཁར། དལ་བའི་རང་བཞིན་གྱི་ནད་ཕོག་པའི་ནད་པའི་ནད་གཞི་དང་བདེ་ཐང་ཡིག་ཚགས་བཟོས་པ་དང་། ཚན་རྩལ་དང་ངལ་ནུས་སོགས་སྡེ་ཚན་གྱིས་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ངལ་ནུས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བས་མང་ཚོགས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།