འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་གཤིས་གཏེར་འཚོལ་ལས་དོན་འཕེལ་རྒྱས་མྱུར་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་པུའུ་ཀྲང་ཅང་ཏ་མིང་གིས“2017ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཏེར་ལས་ཚོགས་ཆེན”ཐོག་འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་གོའི་ས་གཤིས་གཏེར་འཚོལ་ལས་དོན་འཕེལ་རྒྱས་མྱུར་པོ་བྱུང་བ་སྟེ་གཏེར་ཁ་གཙོ་བོའི་ཐོན་རྫས་ཀྱི་ཐོན་འབོར་མགྱོགས་མྱུར་འཕར་བ་དང་ནུས་རྒྱུའི་གཏེར་རྫས་ཀྱི་ཕྱི་ཕྱོགས་ཉོ་ཚོང་རྒྱུན་མཐུད་འཕར་ཡོད་ཅེས་བཤད།
           ཅང་ཏ་མིང་གིས་འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་གོའི་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་770ལྷག་ཙམ་བཏང་བས་གཏེར་རྫས་གཙོ་བོ་རིགས་36གསོག་ཚད་མང་དུ་སོང་བ་དང་། ཏུན་དུང་ཕྱུར་ལྷག་ཙམ་གྱི་སྣུམ་ཞིང་2དང་། སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་སྟོང་ལྷག་ཙམ་གྱི་རང་བྱུང་རླངས་ཞིང་2 ཏུན་ཁྲི་སྟོང་ལྷག་ཙམ་གྱི་ཞ་ཉེ་དང་ཏི་ཚའི་གཏེར་ཁ་1བཅས་མང་དུ་ཕྱིན་པ། རྡོ་གཡམ་སོལ་རླངས་རིམ་རྩིས་བྱས་ན་ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7643ཟིན་ནས་ལོར་ཐོན་ནུས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་100ཟིན་ཡོད་ཅེས་ངོ་སྤྲོད་བྱས།
           དེ་དང་ཆབས་ཅིག རྒྱལ་ནང་གི་གཏེར་རྫས་ཐོན་སྐྱེད་སླར་ཡང་བྱེད་འགོ་ཚུགས་ཤིང་། ཐེངས་གཅིག་ལ་ནུས་རྒྱུ་ཐོན་ཚད་དེ་ཚད་ལྡན་རྡོ་སོལ་ཐོན་ཚད་ཏུན་དུང་ཕྱུར་34.6དང་། གཏེར་ཐོན་ཚད་ཏུན་དུང་ཕྱུར་12.8 རིགས་བཅུའི་མདོག་ལྡན་ལྕགས་རིགས་གཏེར་རྫས་ཐོན་ཚད་ཏུན་ཁྲི་5283བཅས་ཟིན་པ་དང་རྒྱལ་ཡོངས་ཀྱི་གཏེར་འདོན་ལས་རིགས་ཀྱི་ཁེ་བཟང་བསྡོམས་གྲངས་དུས་མཚུངས་ལས་ལྡབ་12.4འཕར་བས་ཁེ་ལས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ནུས་རྒྱུའི་གཏེར་རྫས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཐད་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་ཀྱི་ནང་འདྲེན་འཕར་ཚད་གྲངས་གནས་གཉིས་འཕར་བ་དང་ཕྱི་ཕྱོགས་ཀྱི་མ་འཇོག་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རྒྱལ་ནང་གི་དཔལ་འབྱོར་འཕར་ཚད་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་གཏེར་ལས་སླར་གསོ་ཐུབ་རྒྱུར་སྐུལ་འདེད་ཡང་ཐུབ་ཡོད།
           གཞན་ཡང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་《དངུལ་ཆུའི་སྐོར་གྱི་ཆུ་འཛོལ་སྤྱི་ཆིངས་》ལག་ལེན་ནན་ཏན་བསྟར་ཏེ་དངུལ་ཆུའི་གཏེར་ཁའི་རྩད་ཞིབ་ཀྱི་ཆོག་འཐུས་ལག་ཁྱེར་དང་གཏེར་འདོན་ཆོག་འཐུས་ལག་ཁྱེར་གསར་པ་སྤྲོད་མཚམས་བཞག་ཡོད། ལྕག་སྐུལ་སྲིད་ཇུས་བཏོན་ནས་ལྗང་མདོག་གཏེར་རི་བསྐྲུན་མགྱོགས་སུ་བཏང་སྟེ་རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་རི་661བསྐྲུན་ཡོད། གཏེར་རིའི་ཁོར་ཡུག་བཅོས་སྐྱོང་གི་སླར་གསོའི་འགན་འཁྲིའི་ལམ་སྲོལ་བཙུགས་ཤིང་། ཀྲུང་དབྱང་ནོར་སྲིད་ཀྱིས་བཅོས་སྐྱོང་མ་དངུལ་སྒོར་དུང་ཕྱུར་300བཏང་ནས་ས་གནས་ནོར་སྲིད་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་600ལྷག་ཙམ་གཏོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།