འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་འགུལ་ནུས་གསར་པའི་བསྡོམས་རྩིས་བརྟག་དཔྱད་དང་ཞིབ་རྩིས་ཀྱི་ལམ་ལུགས་
    འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེས་བསྡོམས་རྩིས་སྡེ་ཚན་གྱིས“གསར་པ་གསུམ”(ཐོན་ལས་གསར་པ་དང་། ལས་ཀ་བྱེད་སྟངས་གསར་པ། ཚོང་དོན་གཉེར་སྟངས་གསར་པ་བཅས)གྱི་བསྡོམས་རྩིས་ལྟ་སྐུལ་ཚད་ལེན་གྱི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་པོ་ཡོང་བ་དང་། མཉམ་སྤྱོད་དཔལ་འབྱོར་དང་། གྲངས་གཞིའི་དཔལ་འབྱོར། ལས་སྟེགས་དཔལ་འབྱོར། གཉིས་གཏོད་དཔལ་འབྱོར་སོགས་གསར་དར་དཔལ་འབྱོར་གྱི་ཚད་གཞི་དང་། དམིགས་ཚད། ཞིབ་རྩིས་བཅས་ཀྱི་ལམ་ལུགས་ཞིབ་འཇུག་བྱས་ནས་འཛུགས་རྒྱུར་སྐུལ་མ་མགྱོགས་སུ་བཏང་སྟེ་འགུལ་ནུས་གསར་པའི་བསྡོམས་རྩིས་བརྟག་དཔྱད་དང་ཞིབ་རྩིས་རྒྱག་པའི་ལམ་ལུགས་ཇེ་ལེགས་ཡོང་བ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
          “ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྐབས་བརྒྱད་པ་དེ་ཚེས་20ཉིན་པེ་ཅིང་དུ་གཉེར་བ་དང་། བྱེད་སྒོའི་ཐོག་ཉིང་ཅི་ཀྲེས་སྤྱི་སྤྱོད་རྐང་འཁོར་དང་། དྲ་རྒྱ་ནས་གླ་འཁོར་གླ་བ། དྲ་རྒྱ་ནས་ཅ་དངོས་ཉོ་བ། ལས་སྟེགས་དཔལ་འབྱོར་སོགས་འགུལ་ནུས་གསར་པ་དང་ཐོན་ལས་གསར་པ་དག་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་གང་ས་གང་དུ་ཁྱབ་ཡོད་ཅིང་། གནད་ལ་འཁེལ་བའི་བསྡོམས་རྩིས་ཀྱི་གྲངས་གཞིའི་ཐོག་ནས་འགུལ་ནུས་གསར་པ་དང་ཐོན་ལས་གསར་པའི་བསྡོམས་འབོར་དང་། གྲུབ་ཆ། ཕན་འབྲས་བཅས་ཚོད་དཔག་བྱས་ནས་ཚན་རིག་དང་མཐུན་པའི་ངང་དཔལ་འབྱོར་འཁོར་སྐྱོད་ཀྱི་ཁྱད་ཆོས་གསར་པ་དང་། འགྱུར་ལྡོག་གསར་པ། ཆོས་ཉིད་གསར་པ་སོགས་གསལ་སྟོན་བྱ་རྒྱུ་ནི། ཏང་དང་སྲིད་གཞུང་གིས་བསྡོམས་རྩིས་སྡེ་ཚན་ལ་དཀྲིས་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། བསྡོམས་རྩིས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྒྱུར་བཅོས་གསར་གཏོད་བྱེད་པ། དུས་བསྟུན་འཕེལ་རྒྱས་ཡོང་བར་བྱེད་པའི་ངོ་བོའི་བླང་བྱ་ཞིག་ཀྱང་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།