འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྒུལ་བདེའི་གཏོང་སྤྲོད་འདི་ཉིད་ཀྲུང་གོ་བའི་འཚོ་བའི་གོམས་གཤིས་སུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྐད་འཕྲིན་གཏོང་སྤྲོད་ཚོགས་པས་ཐེ་ལན་གྱི་པང་ཁོག་ཏུ་སྙན་ཞུ་ཡོངས་བསྒྲགས་བྱས་ཏེ། སྒུལ་བདེའི་གཏོང་སྤྲོད་དར་སྲོལ་གསར་པར་གྱུར་སྟབས། ཁ་པར་ཐོག་ནས་གཏོང་སྤྲོད་སོགས་དངུལ་སྨར་མིན་པའི་གཏོང་སྤྲོད་བྱེད་སྟངས་ཀྲུང་གོ་བས་བེད་སྤྱོད་མང་པོ་བྱེད་ཀྱི་ཡོད་པ་རེད།
          ཚེས་22ཉིན། སྐད་འཕྲིན་གཏོང་སྤྲོད་ཚོགས་པས་ཐེ་ལན་དུ་འཚོགས་པའི་སྐབས་གསུམ་པའི་རིག་ལྡན་གྲོང་ཁྱེར་དང་གློག་རྡུལ་སྲིད་དོན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དབུ་ཚོགས་ཚོགས་འདུའི་ཐོག་ཚོགས་ཞུགས་འཐུས་མིར་རིག་ལྡན་གྲོང་ཁྱེར་ཀྲུང་གོས་ལག་ལེན་ཇི་ལྟར་གཏོང་ཚུལ་ངོ་སྤྲོད་བྱས་པ་དང་སྦྲགས། 2017ལོའི་ཀྲུང་གོའི་རིག་ལྡན་འཚོ་བའི་སྙན་ཞུ་ཡོངས་བསྒྲགས་བྱས་པ་རེད།
          སྙན་ཞུ་དེར་དུད་ཚང་6596མ་དཔེར་བླངས་ནས་བརྟག་ཞིབ་བྱས་ཏེ་ཀྲུང་གོའི་གྲོང་ཁྱེར་324ཡི་རིག་ལྡན་འཚོ་བ་འཕེལ་རྒྱས་དང་ཡོངས་ཁྱབ་གནས་ཚུལ་དོ་སྙོམས་བྱས་པ་རེད། སྙན་ཞུ་ལས་མངོན་དོན། མི་40%ཙམ་གྱིས་རྣམ་ཀུན་ཕྱིར་ཐོན་སྐབས་མི་དམངས་ཤོག་སྒོར་100ལས་ཉུང་བ་འཁྱེར་བ་དང་མི་84%ཡིས་དངུལ་སྨར་མ་འཁྱེར་བར་ཕྱིར་ཐོན་རྒྱུར་དང་ལེན་བྱེད་ཀྱི་ཡོད་པ་རེད།
          སྐད་འཕྲིན་གཏོང་སྤྲོད་རྒྱལ་སྒྲོལ་ལས་སྒོའི་འགན་འཁུར་བ་དབྱིན་ཅེ་ཡིས་ཚོགས་འདུའི་ཐོག “གཏོང་སྤྲོད་དང་སྤྱི་ཚོགས་སྤེལ་རེས་ཟུང་འབྲེལ་དང་ལྷག་པར་དུ་སྐད་འཕྲིན་ཤོག་ཆག་ཅེས་པའི་ཐོན་རྫས་གསར་པ་དེ་བརྒྱུད། སྐད་འཕྲིན་གཏོང་སྤྲོད་ཀྱིས་སྤྱོད་མཁན་ལ་དུས་ཐུང་ནང་སྒུལ་བདེའི་གཏོང་སྤྲོད་ཀྱི་ཐེམ་པ་བརྒལ་ནས་རིག་ལྡན་འཚོ་བ་སྐྱེལ་རྒྱུར་རམ་འདེགས་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པས། ཀྲུང་གོའི་སྒུལ་བདེའི་གཏོང་སྤྲོད་ལ་སྤྱོད་མཁན་གྱི་རྨང་གཞི་བརྟན་པོ་ཞིག་བཏིང་བ་མ་ཟད། ཀྲུང་གོའི་རིག་ལྡན་འཚོ་བ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
         སྙན་ཞུའི་ནང་ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱིས་རྒྱལ་ནང་དུ་སྣོད་བཅུད་མ་ལག་ཆ་ཚང་ཞིག་བཙུགས་ཡོད། འབྱུང་འགྱུར་ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱིས་འཛམ་གླིང་གི་དངུལ་རྩའི་ཚན་རྩལ་དང་གྲངས་འཛིན་དངུལ་རྩ་འཕེལ་རྒྱལ་ལ་ལེགས་སྐྱེས་འབུལ་ཐུབ་པའི་ངོས་འཛིན་བྱས་པ་རེད།
         སྙན་ཞུ་དེ་ཐེང་ཤུན་ཞིབ་འཇུག་ཁང་དང་། ཀྲུང་གོ་མི་དམངས་སློབ་ཆེན་ཁྲུང་དབྱང་དངུལ་རྩ་ཞིབ་འཇུག་ཁང་། གྲགས་ཅན་ཞིབ་འཇུག་སྒྲིག་གཞི་ཧྥུའུ་སུའོ་བཅས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།