འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚངས་ཐིག་ཆེས་ཆེ་བའི་ཀྲའོ་ཝ་3ལྡན་སྐམ་སའི་
    གློག་འདོན་འཕྲུལ་ཙུའུ་ཐོན་སྐྱེད་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚངས་ཐིག་ཆེས་ཆེ་བའི་ཀྲའོ་ཝ་3ལྡན་སྐམ་སའི་གློག་འདོན་འཕྲུལ་ཙུའུ་སྟེ། ཀྲུང་གོའི་མཚོ་ཐོག་སྒྲིག་ཆསH140-3MWཁྲུང་ཆིང་དུ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།
          ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པའི་མཚོ་ཐོག་སྒྲིག་ཆས་རླུང་གློག་མ་རྐང་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། H140-3MWཡི་རླུང་གློག་འཕྲུལ་ཙུའུ་ཡི་རླུང་འཁོར་གྱི་ཚངས་ཐིག་ལ་སྨི་140ཟིན་ཞིང་། དེ་ནི་མིག་སྔར་རྒྱལ་ཁབ་ཕྱི་ནང་གི་རིམ་པ་གཅིག་པའི་རླུང་གློག་འཕྲུལ་ཙུའུ་ཁྲོད་རླུང་འཁོར་གྱི་ཚངས་ཐིག་ཆེ་ཤོས་དེ་རེད།
         མིག་སྔར་སྐམ་སའི་ཐོག་གི་རླུང་གློག་འཕྲུལ་ཙུའུ་གཙོ་གྲས་ཡིན་པའི་2MWཡི་རླུང་ཤུགས་གློག་འདོན་འཕྲུལ་ཙུའུ་དང་བསྡུར་ན་H140-3MWཡི་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་སྔར་བས་ཉུང་བ་དང་། གློག་འདོན་ཚད་མཐོ་བ། ལས་སྒྲུབ་མ་གནས་དམའ་བ། ས་ཆ་བཟུང་རྒྱ་ཆུང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། སྐམ་སའི་རླུང་ཚད་དམའ་ཁུལ་དུའང་གློག་གསོག་ཚད་སྔར་བས་ལེགས་པ་ཡོད།
          ཀྲུང་གོ་མཚོ་ཐོག་སྒྲིག་ཆས་ཀྱི་འགན་ཁུར་བས་ད་ཐེངས་ཐོན་སྐྱེད་བྱས་པའི་H140-3MWཡི་རླུང་གློག་འཕྲུལ་ཙུའུ་ལ་རང་བརྟེན་གྱི་ཤེས་བྱའི་ཐོན་དབང་ཚང་མ་ལྡན་པ་དང་ཀྲུང་གོའི་མཚོ་ཐོག་སྒྲིག་ཆས་ཀྱི་སྐམ་སའི་རླུང་གློག་འཕྲུལ་ཙུའུ་ཞིབ་བཟོའི་ངོས་ནས་བརྗོད་ན་ཚད་བརྒལ་གསར་པ་བྱུང་བས་རང་རྒྱལ་གྱི་སྐམ་སའི་རླུང་གློག་ཁྲོམ་ར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།