འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ས་རྒོད་ཕྲུ་སློག་གི་སྤྱི་པའི་སྤུས་རྟགས་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཞིང་ལས་པུས་ཕྱི་ཕྱོགས་ལ་ཀྲུང་གོའི་ས་རྒོད་ཕྲུ་སློག་གི་སྤྱི་པའི་སྤུས་རྟགས་ཁྱབ་བསྒྲགས་བྱས་ཤིང་། སྤུས་རྟགས་ཁྱབ་བསྒྲགས་ཚོགས་འདུའི་ཐོག ཞིང་ལས་པུའུ་ས་རྒོད་ཕྲུ་སློག་ཅུས་ཀྱིས་ཀྲུང་གོ་བཟའ་བཅའ་ཡུལ་ཟོག་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་དང་། ཐེ་ལན་ཀྲེང་ཏཱ་ཚོགས་པ། པེ་ཅིང་ཤིན་ཧྥ་ཏི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར། དབྱང་ཀོང་བདེ་སྐྱིད་ཟོག་ཉོ་(པེ་ཅིང)ཚད་ཡོད་ཀུང་སི་བཅས་དང་འདོད་མོས་རང་བཞིན་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་སྟེ། ཕྱོགས་གང་སའི་ཐོན་ཁུངས་གཅིག་ཏུ་བསྡུས་ཏེ་ཀྲུང་གོའི་ས་རྒོད་ཕྲུ་སློག་གི་སྤྱི་པའི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ས་རྒོད་ཕྲུ་སློག་གི་རྒྱལ་ཁབ་ཀྱི་སྤུས་རྟགས་མིང་བྱང་འདི་སྤྱི་ཚོགས་ལ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ས་རྒོད་ཕྲུ་སློག་ནི་གཞུང་ཁོངས་ཞིང་ལས་ཁེ་ལས་ཀྱི་རྐང་འཛིན་པ་དང་གཅིག་བསྡུས་ཀྱི་མཚོན་བྱེད་ཡིན་ཞིང་། ལོ་70ལྷག་ཙམ་རིང་འཕེལ་རྒྱས་བྱུང་ནས་གཞི་ཁྱོན་ཅན་དང་། རྩ་འཛུགས་ཅན། ཆེད་ལས་ཅན་བཅས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་གྲུབ་པ་དང་། ཕུལ་དུ་བྱུང་བའི་ཁེ་ལས་དང་ཐོན་རྫས་སྤུས་རྟགས་རབ་དང་རིམ་པ་སྐྱེད་སྲིང་བྱས་ཡོད་པ་རེད། ཐེངས་འདིར་སྤྱི་པའི་སྤུས་རྟགས་ཁྱབ་བསྒྲགས་བྱས་པ་ནི་ས་རྒོད་ཕྲུ་སློག་ཐོན་ཁུངས་ཀྱི་མ་རྩ་བསྡུ་སྒྲིལ་བྱེད་མགྱོགས་སུ་གཏོང་བ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་འཐབ་ཇུས་ལས་གྲྭ་ཞིག་ཡིན་ཞིང་། ལོ་གསུམ་ལྷག་ཙམ་རིང་། ཇུས་འགོད་གཏིང་ཟབ་བྱས་པ་བརྒྱུད། ཀྲུང་གོའི་ས་རྒོད་ཕྲུ་སློག་གི་སྤྱི་པའི་སྤུས་རྟགས“ས་རྒོད་ཕྲུ་སློག་ནི་འཚོ་བ་ཡག་པོའི་འབྱུང་ཁུངས་ཡིན”ཞེས་པའི་རིན་ཐང་འདུ་ཤེས་ལ་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་པ་རེད། གོམ་སྟབས་རྗེས་མར། ཞིང་ལས་པུས་གཉེར་སྐྱོང་བྱེད་སྟངས་དང་ཚོང་ལས་གཉེར་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་རིན་ཐང་འབྲེལ་ཐག་གི་མཐོ་སྣེ་ནས་ཞིང་ལས་ཐོན་རྫས་སྤུས་ལེགས་གོང་ཁེ་ཡོང་བར་བྱ་རྒྱུ་དང་ཆབས་ཅིག ས་རྒོད་ཕྲུ་སློག་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་པོའི་རང་བརྟེན་འཕེལ་རྒྱས་འདུ་ཤེས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་གཉེར་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། ཐབས་ལམ་མང་པོ་སྤྱད་ནས་སྤུས་རྟགས་ཐད་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།