འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པའི་མཉམ་ལས་ཁང་ལ་གོ་སྐབས་གསར་པ་འཕྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། “མཉམ་ལས་དང་། མཉམ་སྤྱོད། ལྗང་མདོག སྐྱོན་བྲལ་བཅས་དང་མཉམ་ལས་ཁང་གི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིང་པའི་མཉམ་ལས་ཁང་གི་འཕེལ་རྒྱས་གླེང་སྟེགས་པེ་ཅིང་དུ་འཚོགས་པ་དང་། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་ཟླ་7པའི་ཟླ་མཇུག་བར་བཟོ་ཚོང་སྡེ་ཚན་དུ་ཐོ་བཀོད་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་193.3དང་མཉམ་ལས་ཁང་ལ་དངོས་སུ་ཞུགས་པའི་ཞིང་པ་ཐེམ་དུད་དུང་ཕྱུར་1ཟིན་པ་དེས་རྒྱལ་ཡོངས་ཀྱི་ཞིང་པ་ཐེམ་དུད་བསྡོམས་འབོར་གྱི་46.8%ཟིན་ནས། རང་རྒྱལ་དུ་ཞིང་པའི་མཉམ་ལས་ཁང་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་། རིམ་པ་མང་བའི་མཛུབ་ཁྲིད་ཞབས་ཞུ། འདེགས་སྐྱོར་སྲིད་ཇུས་བཅས་ཀྱི་མ་ལག་རགས་ཙམ་ཆགས་ཡོད་པ་རེད།
           གོམ་སྟབས་རྗེས་མར་ཞིང་ལས་པུས་མཉམ་ལས་ཁང་གིས་འཕེལ་རྒྱས་ཐམས་ལམ་གསར་གཏོད་བྱ་རྒྱུར་མུ་མཐུད་ལྕག་སྐུལ་བྱས་ནས་ཚད་ལྡན་གྱི་མཉམ་ལས་ཁང་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། མཉམ་ལས་ཁང་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་ཐོན་སློབ་མ་དང་། ལས་རིགས་ཞིང་པ་གསར་པ་སོགས་མཉམ་ལས་ཁང་གཉེར་དུ་བཅུག་པའམ་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་ཁྲིད་སྟོན་བྱ་རྒྱུ། མཉམ་ལས་ཁང་གི་འདེགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ནས་ས་གནས་ཁག་གིས་རྒྱབ་སྐྱོར་སྲིད་ཇུས་ཀྱི་མ་ལག་མགྱོགས་པོ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ལས་རིམ་ལ་སྐུལ་མ་མགྱོགས་སུ་བཏང་ནས་ལེ་ལག་ཚང་བའི་ཁྲིམས་སྲོལ་ལམ་ལུགས་སྔ་ཙམ་བཟོ་བའི་ལས་འགོ་འཛུགས་རྒྱུ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།