འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྨན་པ་གྲགས་ཅན་གྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། རྒྱལ་ཁབ་སྨན་པ་གྲགས་ཅན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་(2017ལོ་འཁོར)པེ་ཅིང་དུ་འཚོགས་པ་རེད།
           ཚོགས་ཆེན་ཐོག“ཕུལ་བྱུང་སྨན་པའི་འཚར་ལོངས་ཏེ། སྲིད་ཇུས་དང་དོ་དམ”དང་། “སྨན་པའི་ཁོར་ཡུག་ལ་རྒྱབ་སྐྱོར་ཏེ། ནན་གྱིས་ཉན་པ་དང་གཅེས་སྐྱོང” “སྨན་པའི་ཁྱོན་ཡོངས་མཐོར་གཏོང་ཏེ། ཆེད་ལས་དང་བྱང་ཚད” “སྨན་པའི་ལས་རིགས་ཀྱི་ལམ་བུ་སྟེ། གཟི་བརྗིད་དང་ཕུགས་བསམ”བཅས་གྲོས་དོན་ཆེན་པོ་བཞིར་ཕྱེ་བ་དང་། ཚོགས་འདུའི་དམིགས་ཡུལ་ནི་སྨན་པ་འཚར་ལོངས་འབྱུང་རྒྱུར་ཕན་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་གཏོད་རྒྱུ་དེ་ཡིན་པ་རེད།
           ཚོགས་ཆེན་ཐོག་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་སྨན་པ་གྲགས་ཅན་གྱི་མཚན་ཐོའི་ནང་དུ་ནད་ཐོག་སྨན་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ཚན་ཞིབ་གྲུབ་འབྲས་མངོན་གསལ་དོད་པ། ནད་པའི་བསྔགས་བརྗོད་ཐོབ་པ་བཅས་ཀྱི་སྨན་པ་ཡོད་པ་དང་། ཀྲུང་ཧྭ་གསོ་རིག་ལྷན་ཚོགས་དང་། ཀྲུང་ཧྭ་སྔོན་འགོག་གསོ་རིག་ལྷན་ཚོགས། ཀྲུང་གོ་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་འབྲེལ་ཡོད་ཡན་ལག་མཐུན་ཚོགས་བཅས་ཀྱིས་རང་འགུལ་རེ་ཞུ་དང་། འཁྲོལ་དཔྱད་གཏན་འབེབས། ཚོགས་ཆེན་རིག་གཞུང་ཨུ་ལྷན་གྱིས་གྲོས་ཞིབ་བཅས་བྱས་རྗེས་འདེམས་སྒྲིག་བྱ་ཡུལ་སྨན་པ་གནས་སའི་སྨན་ཁང་ལ་བསམ་འཆར་འདྲི་རྩད་དང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད་མཐར། ཀྲུང་ཧྭ་སྔོན་འགོག་གསོ་རིག་ལྷན་ཚོགས་དང་ཀྲུང་ཧྭ་གསོ་རིག་ལྷན་ཚོགས་སྙིང་དང་ཁྲག་རྩའི་ཡན་ལག་ཚོགས་པ་སོགས་ཀྱི་སྨན་པ་291ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
           ཐེངས་འདིའི་གླེང་སྟེགས་ནི་མི་དམངས་དྲ་བ་དང་བདེ་ཐང་སྐབས་བསྟུན་ཚགས་པར་ཁང་གཉིས་ཀྱིས་གཙོ་གཉེར་དང་ཀྲུང་ཧྭ་གསོ་རིག་ལྷན་ཚོགས་ཡན་ལག་ཚོགས་པ་ཁག་དང་། ཀྲུང་ཧྭ་སྔོན་འགོག་གསོ་རིག་ལྷན་ཚོགས། ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་ཆེད་ལས་ཨུ་ཡོན་ལྷན་ཁང་ཁག་བཅས་ཁྱོན་རིག་གཞུང་ལྷན་ཚོགས་དང་ཡན་ལག་ཚོགས་པ་22ཀྱིས་མཉམ་འབྲེལ་གཙོ་གཉེར་དང་དུས་རབས་ཁྲང་ཧོ་ཚོགས་པས་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།