འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་གིས་གཞུང་ལམ་འགྲིམ་འགྲུལ་དྲ་ཚིགས་རྣམ་པའི་ཞབས་ཞུ་བྱས་ནས་ལོར་ཆ་སྙོམས་
    ཆུ་ཚོད་ཁྲི་2400གྲོན་ཆུང་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། ལེའོ་ཉིང་ཞིང་ཆེན་སྲིད་གཞུང་གིས་ཕན་ཅིང་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཞུང་ལམ་འགྲིམ་འགྲུལ་དོ་དམ་ལས་ཀའི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ད་ཆ་ལེའོ་ཉིང་ཞིང་ཆེན་གྱི་གྲོང་ཁུལ་ལྟེ་བ་དང་མ་ལམ་གྱི་ལམ་མདོའི་འགྲུལ་བཞུད་ཁ་འགྲེམས་བྱེད་ཚད་96%ཟིན་པ་དང་། འགྲིམ་འགྲུལ་དོ་དམ་ཐད“དྲ་ཚིགས་རྣམ་པའི”ཞབས་ཞུ་བྱས་ནས་ལས་དོན་སྒྲུབ་པའི་དུས་ཚོད་ལོར་ཆ་སྙོམས་ཆུ་ཚོད་ཁྲི་2400གྲོན་ཆུང་ཐུབ་སྟེ། གྲོང་ཁྱེར་གྱི་གཞུང་ལམ་འགྲུལ་བཞུད་ཚགས་ཚུད་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་དོ་དམ་ཞབས་ཞུ་ལེགས་སུ་ཆེས་ཆེར་སོང་བ་རེད།
          ལོ་ཤས་རིང་། ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་དོ་དམ་ལས་ཀར་མཐོང་ཆེན་པོ་བྱས་ནས་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཕུགས་ཀྱི་འཆར་གཞིའི་ནང་བཅུག་སྟེ། གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་ཕྱོགས་བསྡུས་དོ་དམ་གྱི་འཕེལ་རིམ་མགྱོགས་སུ་བཏང་བ་དང་། གྲོང་ཁྱེར་གཞུང་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་ཚགས་ཚུད་ཅན་དང་རིག་ནུས་ཅན་གྱི་དོ་དམ་ཐད་ཞིང་ཆེན་དེ་ཡོངས་སུ་ལོ་བཅུའི་གོང་སྤྱི་ལེ་རེར་འགྲིམ་འགྲུལ་མཚོན་རྟགས་9ཡང་མ་ཟིན་པ་ནས་23བར་བསྒར་བ་མ་ཟད། “ལེའོ་ཉིང་འགྲིམ་འགྲུལ་དོ་དམ་ཁ་པར་ཨང་གྲངས་12123”དང་། “ཧྲེང་དབྱང་སྐྱོད་བདེ” “ཏ་ལན་གྱི་ལམ་ཀུན་ཤར་གཏོང”སོགས་ལག་ཐོགས་ཁ་པར་གྱི་མཉེན་ཆས་APPམང་པོ་སྤྱད་དེ་བབ་བསྟུན་གྱི་ཁྲིད་སྟོན་མ་ལག་བསྐྲུན་པ་དང་། ཞིང་ཆེན་ཕན་ཚུན་མཉམ་འགུལ་དྲ་རྒྱའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དང་ལག་ཐོགས་ཁ་པར་གྱི་མཉེན་ཆས་APPབཅས་ལ་ཐོ་འགོད་མཁན་ཁྲི་330ཟིན་ཡོད་པ་རེད།
          ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། 2016ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་སྤྱི་ལེ་811.5བསྐྲུན་པ་དེ་དུས་མཚུངས་ལས་25.1%མང་དུ་སོང་བ་དང་། འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་དང་གློག་སྒུལ་རླངས་འཁོར་ཁྲི་2.36ཟིན་པ་མ་ཟད། འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་དང་གློག་སྒུལ་རླངས་འཁོར་གྱི་ལམ་ཐིག་1900དང་སྐྱེལ་འདྲེན་བྱེད་ཚད་ཁྱོན་སྤྱི་ལེ་ཁྲི་3.3ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།