འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཚའོ་ཅན་མིང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་སྒྲུབ་འགན་འཁྲིའི་
    ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་དཔོན་གྱི་གྱོད་སྒྲུབ་འགན་འཁྲིའི་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཚའོ་ཅན་མིང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཀྱི་ལས་བྱེད་པ་ཡོངས་ཀྱིས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་ཁྲོད་ཀྱི་ཞིབ་དཔྱོད་དཔོན་གྱི་གྱོད་སྒྲུབ་འགན་འཁྲིའི་ལམ་ལུགས་ཀྱི་གནས་བབ་གཙོ་བོ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྒྱུར་བཅོས་ཀྱི་གཞི་རྩའི་ནང་དོན་དང་སྤྱིའི་བླང་བྱ་ཁོང་དུ་ཆུད་པ། འགག་རྩའི་ལྷུ་ཚིགས་དམ་པོར་འཛིན་པ། འགན་འཁྲི་ཁུར་བར་ཤུགས་སྣོན་རྒྱག་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་དཔོན་གྱི་གྱོད་སྒྲུབ་འགན་འཁྲིའི་ལམ་ལུགས་ལ་ཚད་གཞི་མཐོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་དངོས་སུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྣེ་འཁྲིད་དེ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
            ཚའོ་ཅན་མིང་གིས་ཞིབ་དཔྱོད་དཔོན་གྱི་གྱོད་སྒྲུབ་འགན་འཁྲིའི་ལམ་ལུགས་ནི་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་ཀྱི་ལྟེ་བ་ཡིན་ལ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་རིན་ཐང་གཙོ་བོའི་མངོན་ཚུལ་ཡིན་པས་སྒྱུར་བཅོས་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། ཞིབ་དཔྱོད་དཔོན་གྱི་གྱོད་སྒྲུབ་འགན་འཁྲིའི་ལམ་ལུགས་ཀྱི་གཞི་རྩའི་ནང་དོན་དང་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་བྱེད་པོ་གསལ་བཟོ་བྱས་ཏེ་ཞིབ་དཔྱོད་དཔོན་གྱི་དབང་ཆའི་གསལ་ཐོ་བཟོས་ནས་ཁྲིམས་འཛིན་འགན་འཁྲིའི་མ་ལག་དང་ཁྲིམས་འཛིན་འགན་འཁྲི་གཏན་འཁེལ་དང་བདའ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། “སུས་གྱོད་དོན་ཞིབ་གཅོད་བྱས་ན་དེས་འགན་ཁུར་བ་དང་། སུས་ཐག་བཅད་ན་དེས་འགན་ཁུར་རྒྱུ”མཐའ་འཁྱོངས་བྱས་ཏེ་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་ཞིབ་དཔྱོད་དཔོན་གྱི་གྱོད་སྒྲུབ་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།