འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུས་ཆབ་སྲིད་
    ཀྱི་ཐུན་མོང་ངོས་འཛིན་གཅིག་འགྲིལ་བྱེད་པ་དང་འགལ་ཟླ་དོ་དམ་ཚོད་འཛིན་ཡག་པོ་
    བྱེད་པའི་རེ་བ་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཚེས་20ཉིན་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཅིག་འགྲིལ་བྱེད་པ་དང་འགལ་ཟླ་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་བརྟན་པོ་དང་ཡུན་རིང་ཐུབ་རྒྱུར་སྐུལ་འདེད་གཏོང་རེ་ཡོད་ཅེས་བརྗོད།
         ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། གྲོས་མོལ་བྱས་པ་བརྒྱུད། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་པོས་དབྱི་རན་དང་མཉམ་དུ་ཚེས་20ཉིན་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་འཚོག་རྒྱུ་རེད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་འཕེལ་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་མཐུན་གྱི་རྗེས་མཐུད་ལག་བསྟར་ཐད་ཆབ་སྲིད་ཀྱི་མཛུབ་ཁྲིད་བྱ་རྒྱུ་དང་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཚོགས་འདུར་ཞུགས་རྒྱུ་རེད་ཅེས་བརྗོད།
         ཁོང་གིས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ནི་རྒྱལ་སྤྱིའི་བདེ་འཇགས་བཅོས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཆབ་སྲིད་ཀྱི་ཕྱི་འབྲེལ་བྱ་ཐབས་བརྒྱུད་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་དཔེ་མཚོན་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་ཉིང་རྡུལ་ཁྱབ་གདལ་མི་གཏོང་བའི་མ་ལག་དང་དབུས་ཤར་ས་ཁུལ་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་གྲོས་མཐུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་གྲོས་མཐུན་ལག་བསྟར་འཕེལ་རིམ་ནང་གཏིང་ཟབ་ཞུགས་ཡོད་ཅེས་བརྗོད།
         “ཕྱོགས་ཁག་གིས་ད་ཐེངས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་བརྒྱུད། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཅིག་འགྲིལ་བྱེད་པ་དང་འགལ་ཟླ་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་གྲོས་མཐུན་ལག་བསྟར་བརྟན་པོ་དང་ཡུན་རིང་ཐུབ་རྒྱུར་སྐུལ་འདེད་གཏོང་རེ་ཡོད”ཅེས་ལུའུ་ཁང་གིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།